གལ་སྲིད་འཛམ་གླིང་ཐོག་ཏུ་ནགས་ཚལ་མེད་ན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



     གལ་སྲིད་འཛམ་གླིང་ཐོག་ཏུ་ནགས་ཚལ་མེད་ན།  ངན་འབྲས་གཤམ་གསལ་འབྱུང་རྒྱུ་རེད།  སྐམ་སའི་ཐོག་གི་སྐྱེ་དངོས་ཐོན་འབོར་གྱི་བརྒྱ་ཆ་10མེད་པར་འགྱུར་བ་དང་།  སྐྱེ་དངོས་རིགས་ཁྲི་ཚོ་50རྩ་མེད་དུ་འགྱུར། འཛམ་གླིང་ཐོག་གི་ཚྭ་མེད་པའི་ཆུའི་བརྒྱ་ཆ་70རྒྱ་མཚོ་ཆེན་པོར་བཞུར་ནས།  མིའི་རིགས་ལ་ཆུ་བཀོལ་བའི་ཉེན་ཚབས་ཆེ་བ་འབྱུང་། སྐམ་སའི་ཐོག་གི་སྲོག་ཆགས་དང་རྩི་ཤིང་བརྒྱ་ཆ་90དེ་དག་ལ་ནགས་ཚལ་དུ་ཆུ་བསོག་མེད་པས་ཐན་པ་འབྱུང་བའི་འཇིགས་སྣང་སྐུལ། འཚོ་བར་བཀོལ་བའི་རྡོ་སོལ་བརྒྱ་ཆ་70ཇེ་ཉུང་དུ་སོང་སྟེ།  སའི་གོ་ལའི་ཐོག་གི་ཐན་དབྱང་འགྱུར་པོ་འབོར་ཆེན་གྱིས་འཕར་ནས།  སྐྱེ་དངོས་ནས་བྱུང་བའི་དབྱང་རླུང་བརྒྱ་ཆ་67ཇེ་ཉུང་དུ་སོང་སྟེ་སའི་གོ་ལའི་དྲོད་ཚད་ཇེ་མཐོར་འགྲོ་བ། ས་ཁུལ་མི་ཉུང་བའི་རླུང་ཤུགས་བརྒྱ་ཆ་60ནས་90འཕར་ནས།  མི་ཁྲི་སྟོང་མང་པོ་རླུང་སྐྱོན་གྱིས་གསོད། མིའི་རིགས་ལ་ཆ་མ་དང་། ཨར་ལས་རྒྱུ་ཆ།  ནགས་ཞོར་ཐོན་རྫས་བཅས་ཐོབ་མི་ཐུབ་པས་དཔལ་འབྱོར་འཚོ་བར་དཀའ་ཁག་ཆེན་པོ་འབྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1