སྤྱི་ཟླ་7པའི་ཚེས་22ཉིན། རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་ཕྱེད་ཀ་མར་ཕབ་ནས་བློ་མཐུན་ཝན་ལི་ལ་མྱ་ངན་ཞུ་བའི་མཛད་སྒོ་སྤེལ། ཉིན་འདིར་རྒྱལ་སའི་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ་ཆེན། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ། ཞིང་ཆེན་སོ་སོ་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་གྱི་ཏང་ཨུ། སྲིད་གཞུང་གནས་ཁུལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ། དེ་བཞིན་རྒྱལ་མཚམས་ཁག་གི་འགག་སྒོ་དང་གྲུ་ཁ་ཆེ་ཤོས་སོགས་སུ་རྒྱལ་དར་ཕྱེད་ཀ་མར་ཕབ་ནས་བློ་མཐུན་ཝན་ལི་ལ་མྱ་ངན་ཞུ་བའི་མཛད་སྒོ་སྤེལ།
པར་འདི་ནི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་ཕྱེད་ཀ་མར་ཕབ་ནས་བློ་མཐུན་ཝན་ལི་ལ་མྱ་ངན་ཞུ་བའི་མཛད་སྒོར་ལྟ་བཞིན་པའི་ཚུལ་རེད།