ནང་སོག་རྩྭ་ཐང་གི་ས་མུའུ་ཁྲི་3000ལྷག་ལ་འབུ་འུར་བའི་གནོད་འཚེ་ཐེབས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


སྤྱི་ཟླ་7པ་ནས་བཟུང་། ཚད་པ་དང་ཆར་བ་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས། ནང་སོག་རང་སྐྱོང་ལྗོངས་ཀྱི་གཞི་རྒྱ་ཆེ་བའི་རྩྭ་ཐང་ལ་འབུ་འུར་བའི་གནོད་འཚེ་ཚབས་ཆེན་ཐེབས།
 
འདྲུད་འཐེན་འཁོར་ལོའི་ཐོག་ནས་འབུ་འུར་བ་གསོད་པའི་སྨན་རྫས་གཏོར་བཞིན་པ།

             ཉེ་ལམ། ཞིན་ཧྭ་གསར་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། སྤྱི་ཟླ་7པའི་ཚེས་1ནས་ཚེས་15ཡི་བར། ནང་སོག་རྩྭ་ཐང་གི་ས་མུའུ་ཁྲི་3334.6ལ་འབུ་འུར་བའི་གནོད་འཚེ་ཐེབས་ཡོད་ཅིང་། དེ་ལས་ས་མུའུ་ཁྲི་1473.6ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད། འོན་ཀྱང་ཞིང་འབྲོག་ལས་ཐིང་གི་ལས་བཟོ་བས། ད་ལོའི་འབུ་འུར་བའི་གནོད་འཚེ་ནི་ཁ་ཐོར་གྱི་རྣམ་པ་ཞིག་རེད། སྤྱིའི་ཆ་ནས་གནོད་འཚེ་ཆེན་པོ་མི་ཡོང་བའི་སྔོན་དཔག་བྱེད་བཞིན་ཡོད་ཅེས་བཤད། 


            གནོད་འཚེ་ཐེབས་ཁུལ་ནི་རྩྭ་ཐང་གཅིག་པུ་མིན་པར། ཞིང་ནང་གི་ལོ་ཏོག་དང་ཐ་ན་སྒོ་འགྲམ་གྱི་སྔོ་ཚལ་ལྡུམ་ར་སོགས་ཀྱང་རེད། ད་རུང་ས་གནས་མི་དམངས་ཀྱི་རྒྱུན་ལྡན་འཚོ་བར་འགོག་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ས་གནས་སྡོད་དམངས་ཤིག་གིས་གསར་འགོད་པར། འབུ་འུར་བས་རྩྭ་ཐང་གི་རྩྭ་གཅོད་པར་མ་ཟད། ཞིང་ནང་གི་ལོ་ཏོག་ཀྱང་འཇོམས་པར་བྱེད། ངེད་ཚང་གི་ས་མུའུ་5ལ་འབུ་འུར་བས་གནོད་འཚེ་ཐེབས་སོང་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1