སྐར་མ་48ཡི་ནང་དུ་ཞུ་མཁན་བསིལ་ཁུ་ཡོངས་སུ་བཙོང་ཚར་བ་དང་། དུས་ཚོད་5ཡི་ནང་དུ་ཞུ་མཁན་རྒྱ་མ་ཁྲི་1.5ཕྱི་ལ་བཙོང་བ་རེད། འདི་ནི་རིན་ཧྲུའུ་ཞུ་མཁན་དེ་ཅིན་ཏོང་དྲ་བའི་ནང་དུ་ཞུགས་ནས་རྒྱལ་ཡོངས་སུ་འཚོང་བའི་མྱུར་ཚད་གསར་བ་རེད། ཟླ་7པའི་ཚེས་21ཉིན། ཚོང་དོན་པུའུ་ཡི་རྒྱུན་ལྡན་གསར་འགོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ། གསར་འགྱུར་མགྲིན་ཚབ་པས་ཞིང་གྲོང་གི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཡག་པོ་བྱུང་བ་དང་། བློ་འགུག་གི་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་དཔེ་མཚོན་ལྡན་ཞེས་རིན་ཧྲུའུ་ཡི་འཚོལ་ཞིབ་ལ་མཚན་ཉིད་བཞག
སྔོན་ལ་སིལ་བུ་དང་ཐར་ཐོར་གྱི་ཐོན་སྐྱེད་གཉེར་སྐྱོང་རྣམ་པར་གཤགས་བཅོས་བྱས་པ་དང་། གཞི་ཁྱོན་འོས་འཚམ་ཅན་གྱི་གཉེར་སྐྱོང་ལ་འཕན་འབྲས་བརྩོན་དགོས། ཞེས་ཞིང་ཆེན་ཞིང་ལས་ཐིང་གི་འགོ་འཛིན་རིན་ཡུང་ཁྲང་གིས་བཤད་པ་རེད། སི་ཁྲོན་ཞིང་ཆེན་གྱིས་དང་ཐོག་འབྲུ་རིགས་བརྟན་པོ་ཡོང་བའི་བྱེད་ཐབས་འགའ་སྤེལ་དགོས་པ་སྟེ། འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་ཁག་ཅིག་འཛུགས་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་དཔེ་སྟོན་ཁུལ་ཁག་ཅིག་འཛུགས་པ། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ཆེད་ལས་རུ་ཁག་སྐོར་ཞིག་གསོ་སྐྱོང་བྱ་བ་བཅས་སོ།
སྤེལ་སྟངས་སྒྱུར་བཀོད་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར། སི་ཁྲོན་གྱིས་གཅིག་བསྡུས་བྱེད་ཐབས་སྤེལ་ཏེ། ལས་ཆོད་མཐོ་བའི་ཐོན་སྐྱེད་དང་ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་གྱི་ལམ་བུ་གསར་པ་ཞིག་ ཧུར་ཐག་གིས་འཚོལ་ཞིབ་བྱས།
2014ལོར་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་ཡོང་འབབ་ནི་སྒོར་དུང་ཕྱུར་1340ཡིན་ལ། 2012ལོ་དང་བསྡུར་ན་56.5 %ཡིས་འཕར་བ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གློ་རྡུལ་ཚོང་དོན་དེ་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྫོང་ཁག་ཏུ་སླེབས་པ་སོ་སོར་17དང་9ལ་སོན། ལོ་སྟོད་དུ་དཔེ་སྟོན་རྫོང་ཁག་གི་གློག་རྡུལ་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་75ལས་བརྒལ་བ་དང་། དེའི་འཕར་ཚད40%ལས་བརྒལ་བ་རེད། ཐོན་ལས་གསུམ་པ་མཉམ་འཕེལ་བྱེད་པའི་དུས་སྐབས་བཟང་པོ་ཞིག་ལ་ཐོན་པས། སི་ཁྲོན་གྱིས་ཧུར་ཐག་སྒོས་1+2+3=6དང་1*2*3=6གི་ཞིང་ལས་གྲངས་རིག་རྩིས་གཞི་འདིར་འགྲེལ་ལན་སྤྲོད་བཞིན་ཡོད། ཐེངས་དྲུག་པའི་ཐོན་ལས་ཞེས་པའི་འཇར་པན་ནས་དར་ཡོང་བའི་དེང་རབས་ཞིང་ལས་ཀྱི་སྣང་ཚུལ་གསར་བ་འདིས། ད་ལྟ་སི་ཁྲོན་ཞིང་ཆེན་དུ་དེང་རབས་ཞིང་ལས་ཀྱི་གྲུབ་སྟངས་གསར་བ་ཆགས་པར་བྱས།