རྔ་བ་ཁུལ་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ།

ཚེ་བརྟན་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-23


       སྤྱི་ཟླ་7པའི་ཚེས་22ཉིན་གྱི་ཕྱི་དྲོར། མའོ་རྫོང་དང་རྔ་བ་རྫོང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་རྔ་བ་ཁུལ་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་མཇུག་སྒྲིལ། 

      ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་པུའུ་ཀྲང་ཀྲེང་ཝན་ཕིང་གིས་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་མཇུག་བསྒྲིལ་བའི་གསུང་བཤད་གནང་། 

      འགྲན་ཚོགས་ཁྲོད་ཁུལ་ཡོངས་ནས་སླེབས་པའི་རྫོང་ཁག་13དང་ཁུལ་རིམ་པའི་སྡེ་ཁག་20།  འཐུས་ཚབ་ཚོགས་པ་33དང་ལུས་རྩལ་འགྲན་ཞུགས་པ་1800ལྷག་མཆོང་རྒྱུགས་འཕེན་འགྲན་དང་སླེ་གྲུག  འཕེན་འཕང་སྤོ་ལོ།  སྒྲོ་བཟེད།  མིག་མང་།  རྒྱ་འགྲིག  ཏག་སེ།  སྒོ་གྲུག  སྦེ་ག  རྟ་རྩལ་སོགས་བསྡོམས་པས་རྣམ་གྲངས་ཆེ་བ་11དང་རྣམ་གྲངས་ཆུང་བ་135ཡི་འགྲན་ཚན་ལ་ཞུགས།


         སྐབས་འདིར་ཁུལ་ལུས་རྩལ་འགྲན་ཚོགས་ཀྱིས་གྲོན་ཆུང་དང་དངོས་གཉེར།  ནུས་མཐོའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  འཁྲབ་ཡོལ་རྒྱག་པའི་མཛད་སྒོ་རུ་རིག་རྩལ་འཁྲབ་སྟོན་གྱི་ལེ་ཚན་བཀོད་སྒྲིག་བྱས་མེད་པ་མ་ཟད།  གྲོན་ཆུང་དང་རྩེར་སོན།  ཆུ་ཚད་མཐོ་ཞིང་ཁྱད་ཆོས་ལྡན་པའི་འགྲན་ཚོགས་ཐེངས་ཤིག་སྤེལ། 

       མཇུག་སྒྲིལ་མཛད་སྒོའི་སྟེང་།  གཟི་རྩ་སྡེ་དགུ་རྫོང་གིས་འདུ་ཚོགས་ཀྱི་དར་ཆ་དང་ལེན་བྱས་ཏེ།  ལོ་བཞི་ཡི་རྗེས་གཟི་རྩ་སྡེ་དགུ་རྫོང་གིས་སྐབས་རྗེས་མའི་ལུས་རྩལ་འགྲན་ཚོགས་གཙོ་སྒྲུབ་བྱ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1