ཀྲུང་གོའི་(སི་ཁྲོན།) རྒྱལ་སྤྱིའི་ཡུལ་སྐོར་མ་གཏོང་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27


   སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་མ་དངུལ་གཏོང་འཇོག་ཚོགས་པས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་(སི་ཁྲོན།) རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་ཚོགས་ཆེན་དེ་ཟླ་7ཚེས 23 ཉིན་ཁྲེན་ཏུའུ་རུ་འཚོགས་པ།

    ཚོགས་ཆེན་འདིའི་ནང་དོན་ནི་མིང་རྟགས་འགོད་པའི་མཛད་སྒོ་དང་ཐོན་ལས་འགྲེམ་བསྒྲགས། སྐུ་མགྲོན་གྱི་གཏམ་བཤད། ཡུལ་སྐོར་རྣམ་གྲངས་ངོ་སྤྲོད་དང་ལས་རིགས་མཐོ་རིམ་གླེང་སྟེགས་སོགས་ཀྱིས་གྲུབ་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཅིས་ཁྲུན་ཚོགས་འདུར་ཞུགས་པ་དང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཐེངས་འདིའི་བརྗོད་དོན་མཚོན་པའི་གཏམ་བཤད་གནང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅེན་ཙོ་དང་། ཀྲུང་གོའི་མ་དངུལ་གཏོང་འཇོག་ཚོགས་པའི་ཚོགས་གཙོ་གྲང་ཧན་ཡ་གཉིས་ཀྱིས་ཤིས་ཚིག་ཕུལ། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་འགོ་འཛིན་ཝེ་ཧུང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ།

    མིང་རྟགས་འགོད་པའི་མཛད་སྒོའི་སྟེང་དུ། ཞིང་ཆེན་སྲིད་གཞུང་གིས་ཀང་ཀྲུང་ཡུལ་སྐོར་ཚོགས་ཁག་དང་།  ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་ཁག་གཉིས་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱུས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཉམ་ལས་གྲོས་མཐུན་བཞག ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གི་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོའི་དམངས་འཚོ་དངུལ་ཁང་གི་ཁྲེན་ཏུའུ་ཡན་ལག་དངུལ་ཁང་། ཁྲེན་ཏུའུ་ཞིང་ཚོང་དངུལ་ཁང་བཅས་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཐབ་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག  གྲོང་ཁྱེར་(ཁུལ།)སོ་སོས་འབྲེལ་ཡོད་མ་གཏོང་ཁེ་ལས་དང་ཡུལ་སྐོར་རྣམ་གྲངས་ཉི་ཤུ་ལ་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་སྒོར་གྲངས་དུང་ཕྱུར་393.7ལ་སླེབས་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1