རྒྱུ་ནོར་དང་དབང་ཤུགས་མི་རབས་ནས་མི་རབས་སུ་གང་ལྟར་རིམ་པར་བརྒྱུད་ནའང་། བཙན་བདག་གི་གོ་གནས་རྟག་བརྟན་ཞིག་ཅི་ལ་ཡིན།
འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ། ཨ་རིའི་བས་དབང་ཤུགས་དང་རྒྱུ་ནོར་གྱི་ཚོང་ལས་རྒྱལ་རབས་ལ་འཕེལ་འགྲིབ་བྱུང་བ་གྲངས་མེད་པ་བདེན་དཔང་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། དཔེར་ན། ཁེ་ཉི་དི་དང་རོའུ་ཁོ་ཧྥེ་ལ། ཧྥོ་དི་སོགས་ཀྱི་ཁྱིམ་རྒྱུད་ཀྱིས་མི་ཡི་དབང་ཤུགས་དང་རྒྱུ་ནོར་ལོངས་སྤྱོད་ལ་བརྟེན་ནས། ཨ་རིའི་མི་དཀྱུས་མ་རྣམས་ཀྱི་འཚོ་བ་ལ་ནུས་ཤུགས་ཟབ་མོ་ཐེབས།
ཁྱིམ་རྒྱུད་རྙིང་མའི་རྒྱལ་རབས་ཀྱི་རྒྱུ་ནོར་ལོངས་སྤྱོད་དང་དབང་ཤུགས་སྔར་བཞིན་མཐོང་ཆུང་བྱེད་མི་རུང་ཡང་། འོན་ཀྱང་ང་ཚོས་ཁས་མི་ལེན་ཐབས་མེད་ཅིག་ནི། དུས་ཚོད་ཀྱི་བཞུར་རྒྱུན་དང་འགྲོགས་ནས། ཁྱིམ་རྒྱུད་གསར་པའི་རྒྱལ་རབས་རིམ་པར་བྱུང་བཞིན་ཡོད། ཁྱིམ་རྒྱུད་འདི་ཚོས་ཁོང་ཚོར་ལྡན་པའི་ལོངས་སྤྱོད་དང་དབང་ཤུགས་ལོངས་སུ་སྤྱོད་ནས་འཛམ་གླིང་འགྱུར་ལྡོག་གཏོང་བའམ། ཡང་ན་མངའ་ཁོངས་ཤིག་ལ་བློ་རྩེ་གཅིག་ཏུ་གཞོལ་ནས། ས་ཁོངས་ཞིག་གི་དབང་ཤུགས་ཅན་དུ་གྱུར་ཡོད། 《ཨ་རིའི་ཉིན་རེའི་ཚགས་པར།》ནང་དུ་དེང་སྐབས་ཨ་རིའི་ཆེས་དབང་ཤུགས་ལྡན་པའི་རྒྱལ་རབས་ཆེན་པོ་ལྔའི་ཁྱིམ་རྒྱུད་གཙང་རྩིས་བྱས་ཡོད།
དེང་སྐབས་ཨ་རིའི་ཆབ་སྲིད་མངའ་ཁོངས་སུ། ཤུགས་རྐྱེན་གྱི་ནུས་པ་དང་ལོངས་སྤྱོད་གང་གི་ཐད་ནས་གླེང་རུང་། པུའུ་ཞི་ཁྱིམ་རྒྱུད་དང་འགྲན་ཡ་བྱེད་ནུས་པ་ཞིག་མེད། དཀའ་སྡུག་མང་པོ་མྱངས་ཡོད་པའི་ཁེ་ཉི་དི་ཁྱིམ་རྒྱུད་དང་བསྡུར་ན། པུའུ་ཞི་ཁྱིམ་རྒྱུད་ཀྱི་མི་འཕེལ་རྒྱུ་དར་ཡོད་པ་མ་ཟད། ད་དུང་འདས་པའི་ལོ་ངོ་50ལྷག་ལ་ཁུལ་དཔོན་དང་རྒྱལ་ཚོགས་གྲོས་མི། ཨ་རིའི་ཀྲུང་དབྱང་གི་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་། སྲིད་འཛིན་གཞོན་པ། སྲིད་འཛིན་གྱི་གོ་གནས་བཅས་ཀྱི་ཐོག་ཏུ་ནུས་པ་འདོན་སྤེལ་བྱས་མྱངས། །