གོ་ཐོས་ལྟར་ན་ཅ་མིན་གྲོང་ཚོ་རུ་གནད་ཁེལ་དབུལ་སྐྱོར་སྤེལ་བ་དང་། གྲོང་ཚོའི་རྣམ་པ་དང་གྲོང་མིའི་བསམ་བློའི་འཁྱེར་སོ་གསར་བ་ཞིག་ཏུ་གྱུར་ཡོད། ཟླ་7པའི་ཚེས10ཉིན། ལིས་རྫོང་གུས་འོ་གོ་གྲོང་རྡལ་གྱི་རྡལ་དཔོན་གཞོན་པ་ཙུན་ཙེ་མའོ་ཁོང་ཡང་སྤྱི་ལེ་བཅུ་ཡི་ཕྱི་རོལ་དུ་ཡོད་པའི་གཟོ་མོ་གྲོང་རྡལ་ཅ་མིན་གྲོང་ཚོ་ལ་རྟོག་ཞིབ་ཏུ་ཡོང་། ཁོང་དང་མཉམ་དུ་ད་དུང་ས་གནས་དེ་གའི་དབུལ་ཕོངས་གྲོང་ཚོ་ཧྲ་པ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་གཉིས་དང་ཏང་ཡོན་རྒན་པ་གཉིས་ཡོད་པ་རེད།
ཅ་མིན་གྲོང་ཚོ་ནི་ལིས་རྫོང་གི་ཤར་བྱང་རྒྱུད་དུ་གནས་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་ཁྱོན་བསྡོམས་147དང་མི་578ཡོད། ཁྱིམ་ཚང་དབུལ་པོ་32དང་མི་གྲངས་129ཡོད། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་50དང་འགན་སྲུང་ཁྱིམ་ཚང་2ཡོད། དེ་ནི་ལིས་རྫོང་གི་སྐད་གྲགས་ཡོད་པའི་དབུལ་པོ་གྲོང་ཚོ་ཞིག་ཡིན།
རླངས་འཁོར་ཚོ་བའི་སྒོ་རྩར་ཐོན་དུས། ཧྲ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་རླངས་འཁོར་འདུག་དགོས་པར་བཤད། སྡེ་བ་ཡོངས་ཀྱི་ཁང་པ་མང་ཕྱོགས་ལེགས་གྲུབ་ཟིན་པ་དང་སྒྱུར་བཀོད་བྱས་ཡོད་པ་ཤེས། ད་དུང་ལས་བཟོ་བ་དང་གྲོང་མི་མི་ཉུང་བ་ཞིག་གིས་ལས་ཀ་ལས་བཞིན་འདུག ཁྱད་ཆོས་ལྡན་པའི་རྒྱལ་རོང་བོད་རིགས་ཀྱི་སྡེ་བའི་རྣམ་པ་ཆགས་བཞིན་ཡོད། གྲོང་རྡལ་གྱི་རྣམ་པའི་སྒྱུར་བཀོད་ཁྲོད་དུ་གལ་ཏེ་ཁྱིམ་ཚང་གཅིག་གིས་རྒྱབ་སྐྱོར་མ་བྱས་ན་སྤྱི་ཡོངས་ཀྱི་ཕན་འབྲས་དེ་ལེགས་པོ་ཞིག་ཐོན་མི་ཐུབ། ཙིན་ཙེ་མའོ་ཡིས་ཅ་མིན་སྡེ་བ་ཡིས་དམངས་ཚོགས་ལ་བསམ་བློའི་ལས་ཀ་ཇི་ལྟར་སྒྲུབ་པར་སྤྲོ་བ་ཆེན་པོ་ལྡན། ང་ཚོས་དུས་རྒྱུན་དུ་སྡེ་བའི་ནང་དུ་ཚོགས་འདུ་འཚོགས་དུས། སྲིད་ཇུས་བརྒྱུད་བསྒྲགས་ཧ་ཅང་ལེགས་པོ་བྱེད་ཀྱིས་ཡོད། ཇུས་གཞི་སྣ་ཚོགས་ཡོངས་ཀྱི་སྔོན་ནས་འདེམས་བསྐོ་བྱས་པ་ཡིན། བསམ་བློ་བརྗེ་རེས་དང་འབྲེལ་གཏུག་གང་ལེགས་བྱས་པར་བརྒྱུད། སྡེ་བའི་མི་མང་ཤོས་ཀྱི་རྒྱབ་སྐྱོར་བྱས་པ་རེད། ཚོགས་འདུ་ཐེངས་མང་བོ་འཚོགས་རྗེས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ། ཅ་མིན་སྡེ་བ་ལ་ད་དུང་མན་ངག་ཅིག་ཡོད་པ་སྟེ། དབུལ་པོའི་ཁྱིམ་ཚང་ཀྱི་ངལ་རྩོལ་ནུས་པ་བསྡུ་ལེན་བྱ་དགོས་པ་དེ་རེད།
གྲངས་འཛིན་མང་འཚོ། འཆར་འགོད་དང་སྲིད་ཇུས།
ནུས་ཤུགས་ཡོད་རྒུས་དཀའ་བ་བདུན་ལ་རྒོལ་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།
ལིས་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཚེ་ཆིན་ལི་ཡིས། 2014ལོར་ལི་རྫོང་དབུལ་སྒྲོལ་བྱེད་པའི་མི་824དང་། མིག་སྔར་ད་དུང་དབུལ་ཕོངས་མི་འབོར་5415ཡོད། 2015ལོར་འཆར་གཞིའི་དབུལ་སྒྲོལ་ཀྱི་མི་འབོར་1079ཡིན། ལིས་རྫོང་གི་མུ་མཐུན་དུ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ལས་ཀ་ཨང་དང་པོར་བརྩིས་ཤིང་། སྐྱེ་ཁམས་ཀྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། འཁོར་རྒྱུག་གི་ཐན་ཉུང་བཟོ་ལས་སྟོབས་ཆེན་བཙུགས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་བྱ་བཞག་རྒྱུན་མཐུད་ངང་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ནས་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཙུགས་པ་རེད། དུས་མཚུངས་སུ། ལིས་རྫོང་གིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། བགྲོད་ལམ་འགྲིམ་འགྲུལ་དང་འཐུང་ཆུ་གློག་སྤྱོད། སྤྱི་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དམངས་འཚོའི་ལས་གཞི་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དཀའ་བ་བདུན་ལ་རྒོལ་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད། །