ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་88འཁོར་བར་དྲན་གསོ་ཞུ་བ་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བྱེད་ཆེད། སྤྱི་ཟླ་7པའི་ཚེས་31ཉིན།དཔལ་ཡུལ་རྫོང་གིས་གསར་དུ་བསྐྲུན་པའི་ཉེན་རྟོག་དྲག་དཔུང་རུ་འབྲིང་གི་དམག་སྒར་དུ་བརྒྱད་གཅིག་དུས་སྟོན་དང་དམག་སྒར་དུ་རིག་གནས་བསྐྱལ་བའི་བྱེད་སྒོ་སྤེལ། དཔལ་ཡུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་།ཉེན་རྟོག་དྲག་དཔུང་དཀར་མཛེས་ཡན་ལག་རུ་ཁག་གི་འགོ་ཁྲིད་གཙོ་བོ་བྱེད་སྒོ་རུ་ཞུགས། བྱེད་སྒོའི་སྟེང་རྫོང་ཉེན་རྟོག་དྲག་དཔུང་པུའུ་དང་། ཉེན་རྟོག་དྲག་དཔུང་དཔལ་ཡུལ་རུ་འབྲིང་། དཔལ་ཡུལ་རྫོང་མེ་གསོད་མེ་འགོག་རུ་ཁག 181ཧྲིའི་དཔོན་དམག་ཡོངས་ལ་ཁ་བཏགས་ཕུལ་བར་མ་ཟད། འཚམས་འདྲིའི་དངུལ་སྒོར་18000 དང་།འཚམས་འདྲིའི་དངོས་ཟོག་ཕག་ཤ་དང་སིལ་ཏོག་སོགས་སྐྱེལ་ཡོང་ཡོད། །