རྔ་བ་རྫོང་གིས་གྲོང་རྡལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-06



   ལས་བྱེད་པ་དག་གིས་གད་སྙིགས་གཙང་སེལ་བྱེད་བཞིན་པ། 

      རྔ་བ་རྫོང་གི་ཁོར་ཡུག་ལེགས་བཅོས་དང་དམངས་འཚོ་ལེགས་བསྒྱུར། དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་།ལས་བཟོ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་ཤུགས་སྣོན་བྱ་ཆེད། ཉེ་སྔོན་རྔ་བ་ཁུལ་རྔ་བ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པར་སྐུལ་སློང་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་གི་བྱེད་སྒོ་སྤེལ། ལས་ཁུངས་སོ་སོའི་ཁོར་ཡུག་དང་ཐུན་མོང་ཁོར་ཡུག་གི་གད་སྙིགས་གཙང་སེལ་བྱས་ཤིང་། གཙང་སྦྲ་བྱེད་དཀའ་བའི་གནས་དག་ལ་འོས་མཐུན་གྱི་ཐབས་བཀོད་བཀོལ་པ་དང་། གཞུང་ལམ་དང་གཞུང་ལམ་འགྲམ་གཉིས་ཀྱི་གད་སྙིགས་དག་ཁྱོན་ཡོངས་ནས་གཙང་དག་བྱས། ལས་བྱེད་པ་ཚང་མ་ཟབ་ཞུགས་དང་ཚང་མས་གཙང་སེལ་བྱེད་པ་ལངས་ཕྱོགས་སུ་འཛིན་པའི་ཐེངས་འདིའི་ཁོར་ཡུག་བཅོས་སྐྱོང་གི་བྱེད་སྒོ་བརྒྱུད་རྔ་བ་རྫོང་གི་ཁོར་ཡུག་བཅོས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1