ཀྲུང་གོ་སྨན་པའི་མཐུན་ཚོགས་ཀྱིས་ལྕགས་ཟམ་རྫོང་དུ་མཐོ་སྒང་དུ་འཁྱིལ་བའི་བརྩེ་བ་ཞེས་པའི་ནད་བཅོས་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-17


  སྤྱི་ཟླ་8པའི་ཚེས་13ཉིན། ཀྲུང་གོ་སྨན་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་བྱམས་ལྡན་ནད་བཅོས་རུ་ཁག་གི་ཆེད་རམས་པ་དག་གིས་ལྕགས་ཟམ་ཁའི་ཐང་ཆེན་དུ་ནད་བཅོས་བྱེད་སྒོ་སྤེལ།

  སྔ་དྲོ་ཆུ་ཚོད་8སྟེང་། ནད་བཅོས་བྱེད་སྒོ་མགོ་མ་བརྩམས་པའི་སྔོན་དུ་རྒྱ་ཆེའི་ནད་པ་རྣམས་ཀྱིས་རང་ཉིད་ཀྱི་ནད་བཅོས་བརྟག་དཔྱད་ཡིག་ཆ་བཟུང་སྟེ་སྨན་པ་ཆེད་རམས་པར་སྒུག་འདུག སྨན་པ་དག་ཐོན་རྗེས་གོ་རིམ་ཡོད་པའི་སྒོ་ནས་ནད་པ་རེ་རེར་ནད་བཅོས་བྱས། ཐེངས་འདིའི་ནད་བཅོས་བྱེད་སྒོའི་སྟེང་རུས་པར་ནད་བྱུང་བའི་ནད་པ་280ལ་ནད་བཅོས་བྱས་པ་དང་རིན་མ་བླངས་པར་སྤྱིའི་རིན་གོང་སྒོར་2000ལྷག་གི་རུས་ནད་སྨན་རྫས་སྒམ་200བྱིན་པ་རེད།

  ཆེད་རམས་པས་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དུ་རིན་མ་བླངས་པར་ལོ་ན་74ལ་སོན་པའི་རྒད་པོ་ཞིག་གི་སྐལ་ཚིགས་ཀྱི་རུས་པ་བརྗེ་སྤོར་བྱས་ཏེ་རྒད་པོ་ནད་ཀྱི་སྡུག་བསྔལ་ལས་ཐར་བར་བྱས།

  མཐར་ནད་བཅོས་འཕྲོད་བསྟེན་རུ་ཁག་ཅཱ་ཅུན་ཤང་ཆུ་གཉིས་མདོ་གྲོང་སྡེ་རུ་ཕྱིན་ནས་བརྩེ་སེམས་དྲོད་མོ་གཞི་རིམ་ལ་ཕུལ་ཞེས་བའི་ནད་བཅོས་བྱེད་སྒོ་སྤེལ་བ་དང་ཆུ་གཉིས་མདོ་གྲོང་སྡེའི་སློབ་ཆུང་ལ་སྤྱིའི་རིན་གོང་སྒོར་ཁྲི་2ལྷག་གི་སློབ་ཁྲིད་ཡོ་ཆས་བྱིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1