རྒྱལ་ཁབ་10ཡི་རྒྱ་ཡིག་འཕྲིན་སྦྱོར་གསར་འགོད་རུ་ཁག་14སི་ཁྲོན་བོད་ཁུལ་གྱི་ཁྱིམ་ཚང་ཕལ་བ་དག་གི་ཁྱིམ་ནང་དུ་སོང་ནས། བོད་ཁུལ་གྱི་འཚོ་བ་དངོས་ལ་རྒྱུས་ལོན་བྱས།
སྤྱི་ཟླ་8པའི་ཚེས་13ཉིན་ནས་ཚེས་17ཉིན་བར། ཀྲུང་གོའི་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པས་གཙོ་གཉེར་བྱས་ཤིང་། སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཉེར་བའི་རྒྱལ་ཕྱིའི་རྒྱ་ཡིག་འཕྲིན་སྦྱོར་སི་ཁྲོན་བོད་ཁུལ་དུ་སྐྱོད་པ་ཞེས་པའི་བྱ་འགུལ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་དུ་སྤེལ།
ནེའུ་ཙི་ལན་གྱི་《གྲོང་པའི་ངག》ཞེས་པའི་ཚགས་པར་གྱི་གཙོ་སྒྲིག་པ་ཆན་ལེས་ཧོང་གིས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཕྱོགས་ལ་དོན་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། རྔ་བ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། རྔ་ཁུལ་བོད་སྨན་ཁང་གིས་ད་ལྟ་སྨན་ཁང་གསར་པ་དེ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། སྨན་ཁང་གསར་པའི་རྒྱ་ཁྱོན་སྨི་གྲུ་བཞི་7000ནས་སྨི་གྲུ་བཞི་ཁྲི་1.5རུ་རྒྱ་བསྐྱེད་གཏོང་རྒྱུ་ཡིན་པས། བོད་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ནད་ལ་བརྟག་པ་དང་སྨན་བཅོས་བྱ་བའི་རེ་བ་སྐོང་ཐུབ། ང་ཚོས་སྲོལ་རྒྱུན་གསོ་རིག་གི་རྨང་གཞི་རྒྱུན་འཛིན་བྱས་ཐོག གསར་གཏོད་ལ་ཤུགས་སྣོན་དང་ཞིབ་འཇུག་མ་དངུལ་ཇེ་མང་བཏང་ནས། བོད་ཀྱི་གསོ་རིག་དང་བོད་སྨན་ལ་སྔར་ལས་ནུས་ལྡན་བྱ་རྒྱུ་ཡིན་ཟེར།
ཁ་ན་ཏེའི་《འཛམ་གླིང་ཀྲུང་གོ་བའི་གཟའ་འཁོར།》དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཧོང་ཅ་ཧྭ་ཡིས་རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་གིས་སྤེལ་བའི་སློབ་གསོ་དར་སྤེལ་གྱི་འཆར་གཞི་ཡིས། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་བྱིས་པ་ཁང་ནས་མཐོ་འབྲིང་མཐར་ཕྱིན་རིང་སྟེ་ལོ་15ལ་སློབ་རིན་མི་དགོས་པའི་སློབ་གསོ་མྱོང་དུ་འཇུག་པ་དང་། 2013ལོ་ནས་བཟུང་སི་ཁྲོན་བོད་ཁུལ་ལ་བོད་ཁྱིམ་དཔེ་ཁང་4170དང་དགོན་པའི་དཔེ་ཁང་779བཙུགས་ཡོད་པ་རེད། །