སི་ཕན་གྱི་ལོ 300 ཡར་སྔོན་དུ་མཚོ་ནང་ནུབ་པའི་གྲུ་གཟེངས་སྟེང་ནས་རིན་པོ་ཆེ་རྩ་ཆེན་མང་པོ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


     ཟླ 8པའི་ཚེས 20 ཉིན་གནས་ཚུལ་བསྒྲགས་རྒྱུར། དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཕན་གྱི་གྲུ་གཟེངས་རུ་ཁག་ཅིག་ཞི་བདེ་རྒྱ་མཚོ་ཆེན་མོར་ནུབ་པ་དང་། གྲུ་གཟེངས་དེའི་སྟེང་གི་རིན་པོ་ཆེ་མང་པོ་ལོ་ངོ་སུམ་བརྒྱའི་རིང་མཚོ་གཏིང་དུ་ལྷག ཉེ་ཆར་ཨ་རིའི་ཧྥའོ་ལའོ་ལི་ཏྭ་ཀྲུའུ་ནས་རིན་པོ་ཆེ་དེ་དག་རྙེད་ཡོད་ལ། མང་ཆེ་བ་ནི་གསེར་གྱིས་གྲུབ་པའི་དངོས་རྫས་ཡིན་པ་དང་། དེ་དག་ལས་གསེར་སྒོར་གཅིག་གི་རིན་གོང་ཡང་ཨ་སྒོར་ཁྲི 30ཡན་རིན་པ་རེད། 

     1715ལོའི་ཟླ 7 པར། རིན་པོ་ཆེ་གང་འགེལ་ཡོད་པའི་སི་ཕན་གྱི་གྲུ་གཟེངས་ཆེན་པོ 10 ཁུ་པ་ནས་སི་ཕན་ལ་ཕྱིར་ལོག་པའི་ལམ་བར་དུ། རླུང་འཚུབ་གྱི་གནོད་འཚེ་ཐེབས་ཕྱིར། ཨ་རིའི་ཧྥའོ་ལའོ་ལི་ཏྭ་ཀྲུའུ་ཡི་ཤར་རྒྱ་མཚོའི་ནང་དུ་ནུབ་པས། གྲུ་གཟེངས་སྟེང་འགེལ་བའི་རིན་པོ་ཆེ་ཡོད་ཚད་མཚོ་གཏིང་དུ་གང་སར་འཐོར་བ་དང་། ད་ལོའི་ཟླ 6 པའི་ནང་དུ་ད་གཟོད་རིན་པོ་ཆེ་དེ་དག་ཕྱིར་ལེན་ཐུབ་ཡོད། རིན་པོ་ཆེ་དེ་དག་ནི་ཧྥའོ་ཀྲུའུ་མའེ་ཨ་མུའེ་ཡི་བྱང་ཕྱོགས་ཀྱི་སྤྱི་ལེ 210 ཡས་མས་ཀྱི་མཚམས་སུ་ཡོད་པའི། ཕའེ་ཨེར་སི་པའོ་རྒྱ་མཚོའི་ཉེ་འགྲམ་ནས་མི་ཞིག་གིས་རྙེད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1