2015ལོའི་པེ་ཅིང་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོངས་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་འགྲན་སྡུར་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


       

  ཉིས་སྟོང་བཅོ་ལྔ་ལོའི་པེ་ཅིང་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོངས་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་ལེགས་སྐྱེས་འགྲན་སྡུར་མགོ་བརྩམས་པ་ཁྱབ་སྒྲོག་གནང་། 

  ཉིས་སྟོང་བཅོ་ལྔ་ལོའི་པེ་ཅིང་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་མཆོངས་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་ལེགས་སྐྱེས་འགྲན་སྡུར་མགོ་བརྩམས་པ་ཁྱབ་སྒྲོག་གནང་།

  རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་དང་བདུན་ནས་ཡོང་བའི་ལུས་རྩལ་པ་སྟོང་གཉིས་ཙམ་རྒྱལ་ཁབ་ལུས་རྩལ་ར་བའི་བྱ་ཚང་དུ་འཛོམས་ནས། འགྲན་སྡུར་ལ་ཞུགས། དུས་ཚོད་བཅུ་དྲུག་དང་སྐར་མ་ང་བདུན་སྟེང་། དགའ་སྐྱིད་ཀྱི་རོལ་དབྱངས་ཁྲོད་ནས། ཞི་ཅིན་ཕེང་དང་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་མེན་ཏེ་ཡ་ཁི་གཉིས་ཀྲུའུ་ཞིའི་སྟེགས་བུར་ཕེབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐོ་མཱ་སི་པ་ཧི་དང་གསར་དུ་བདམས་པའི་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་པ་སི་ཏེ་ཨན་ཁི་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། འགྲན་རའི་རྒྱུག་ལམ་སྟེང་དུ། མེ་མདའི་བརྡ་རྒྱག་མཁན་བཅོ་ལྔས་རིམ་པ་བཞིན་མེ་མདའི་བརྡ་བརྒྱབ་པ་དང་། མེ་མདའི་བརྡ་ཐེངས་བཅོ་ལྔ་བ་བརྒྱབ་རྗེས་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་དངོས་སུ་བསྡུས།

  ཡུལ་དངོས་ཀྱི་བརྙན་ཡོལ་ཆེན་པོ་ལས་སྐབས་འདིའི་འཛམ་གླིང་མཆོངས་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་གྱི་དྲིལ་སྒྲོག་བརྙན་རིས་ཡག་པོ་བསྟན། དུས་ཚོད་བཅོ་ལྔའི་སྟེང་ལུས་རྩལ་པ་འགྲན་རར་ཞུགས་པའི་མཛད་སྒོ་མགོ་བརྩམས། དར་ཆ་སྒྲེང་མཁན་དང་དང་བླངས་པས་སོ་སོར་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲན་ཞུགས་མཐུན་ཚོགས་སོ་སོའི་དར་ཆ་དང་རུ་བྱང་བཟུང་སྟེ་རིམ་པ་བཞིན་ལུས་རྩལ་ར་བར་ཐོན་པ་དང་། ཀྲུའུ་ཞི་སྟེགས་བུའི་མདུན་ནས་གྲལ་སྟར་བསྒྲིགས། སྐར་ལྔའི་དར་དམར་ཚོགས་རར་དྲངས་པ་ན། ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཡོངས་སུ་ཁེངས།

  དུས་ཚོད་བཅུ་བདུན་དང་སྐར་མ་བཅོ་ལྔའི་སྟེང་། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། མི་རིགས་ང་དྲུག་མཚོན་པའི་རམ་དཀྲོལ་པ་ང་དྲུག་གིས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་བ་དང་། ཡུལ་དངོས་སུ་ལྟད་མོ་བ་རྣམས་ཀྱིས་དུས་གཅིག་ཏུ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་མཐོན་པོར་བླངས། བཀྲགས་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་པ་དང་ལྷབ་ལྷུབ་བསྐྱོད།

  པེ་ཅིང་མཆོངས་རྒྱུག་འཕེན་གསུམ་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཨན་ཧྲུན་གྱིས་ཞུ་ཚིག་ཕུལ་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ལུས་རྩལ་དཔོན་རིགས་དང་ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ལུས་རྩལ་པ་རྣམས་ཀྱིས་འགྲན་སྡུར་ཁྲོད་ནས་གྲུབ་འབྲས་ལེགས་པོ་ལེན་ཐུབ་པའི་སྨོན་འདུན་ཞུས།

  རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལཱ་མེན་ཏེ་ཡ་ཁི་ཡིས་ཞུ་ཚིག་འབུལ་སྐབས། ཀྲུང་གོས་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་ཁྱབ་གདལ་དུ་གཏོང་བའི་ཕྱོགས་ནས་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་གནང་བ་དང་། ཀྲུང་གོས་སྐབས་འདིའི་ལེགས་སྐྱེས་འགྲན་སྡུར་བསྡུ་ཆེད་གྲ་སྒྲིག་ཞིབ་མོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

  དུས་ཚོད་བཅུ་བདུན་དང་སྐར་མ་ཉེར་བརྒྱད་སྟེང་། ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་ལྔ་ལོའི་པེ་ཅིན་རྒྱལ་སྤྱིའི་མཆོངས་རྒྱུག་འཕེན་གསུམ་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་མཆོངས་རྒྱག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་ན། ཚོགས་ར་ཡོངས་སུ་དགའ་འབོད་ཀྱིས་ཁེངས། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1