སློབ་མ155ལ་སྒོར་ཁྲི64ཡིས་སློབ་ཞུགས་རོགས་རམ་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-26


  རྔ་བ་ཁུལ་དམངས་སྲིད་ཅུས་དང་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། ཁུལ་སློབ་གསོ་ཅུས་སོགས་ལས་ཁུངས་ཀྱིས་མཉམ་དུ་གཉེར་བའི་རྔ་བ་ཁུལ་གྱི་སྐབས་དང་པོའི་སློབ་ཞུགས་རོགས་དངུལ་སྤྲོད་པའི་མཛད་སྒོ་དེ་འབར་ཁམས་སུ་འཚོགས། ད་ལོའི་ཟླ་7པ་ནས་བཟུང་། རིམ་པ་སོ་སོས་འོས་སྦྱོར་དང་གྲལ་བཤེར་ནན་མོ་བྱེད་པའི་ཁྲོད། ཞིབ་མཆན་ཡོངས་བསྒྲགས་བྱེད་པ་སོགས་བྱས་ནས། མཐར་2015ལོའི་དབུལ་ཕོངས་སློབ་ཆེན་སློབ་མ་གསར་པ་50དང་། སློབ་ཆེན་ཆེད་ཚན་སློབ་མ་50  མཐོ་རིམ་སློབ་འབྲིང་དབུལ་ཕོངས་སློབ་མ་གསར་པ་55ལ་སོ་སོ་རོགས་དངུལ་སྒོར་5000དང་4500  3000བཅས་བསྡོམས་པས་སྒོར་ཁྲི་64གནང་ཡོད།

  ཤེས་རྟོགས་བྱུང་བ་ལྟར་ན། 2005ལོ་ནས་བཟུང་། རྔ་བ་ཁུལ་གྱིས་བྱེད་སྒོ་དེ་རིགས་ཐེངས་བཅུ་གཅིག་སྤེལ་བར་བརྒྱུད། སྒོ་ཁྲི་400ལྷག་གྲབས་གསོག་བྱས། རིམ་རྩིས་བྱས་ན་དབུལ་ཕོངས་སློབ་མ་སྟོང་ལྷག་ལ་རོགས་རམ་བྱས། དེ་ཡིས་རྔ་བ་ཁུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་མང་པོ་ཞིག་ལ་དཀའ་ངལ་སེལ་ནས་སློབ་གྲྭ་ལ་ཞུགས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1