སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས》འགྲེམ་སྤེལ།
ཉེ་ཆར། ཁྲི་བསོད་བསྟན་གྱིས་གཙོ་སྒྲིག་བྱས་པའི《བོན་དཔྱད་སྤྱི་རྒྱ་རླབས་གཅོད། གནའ་བོའི་ཞང་ཞུང་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རིག་གཞུང་སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
དེབ་འདི་ནི་ཁྲི་བསོད་བསྟན་གྱིས་མདོ་སྨད་བྱང་བརྒྱུད་དང་འབྲེལ་བའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ《དཔྱོད་ལྡན་མཆོད་པའི་མེ་ཏོག》ཅེས་པ་ལས་དཔྱད་རྩོམ་ལེགས་ཤོས་དང་རིན་ཐང་ཅན་རྣམས་བདམས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན། དེབ་འདི་ཞང་བོད་དཔྱད་གླེང་དང༌། ལོ་རྒྱུས་དཔྱད་གླེང༌། རིག་གཞུང་དཔྱད་གླེང༌། ལྟ་གྲུབ་དཔྱད་གླེང༌། སྨན་རྩིས་དཔྱད་གླེང་ཞེས་ཁག་ལྔ་ལས་གྲུབ་ཅིང༌། བསྡོམས་པས་དཔྱད་རྩོམ35ཡོད།