གླུ་བ་གདུགས་དཀར་ཡག་གི་བོད་ཁུལ་གྱི་བསྐོར་བསྐྱོད་གླུ་ཚོགས་ཐོག་མ་ཀན་ལྷོར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-31


གླུ་བ་གདུགས་དཀར་ཡག་བྱིས་པ་ཚོ་དང་ལྷན་དུ་གླུ་གཞས་ལེན་པ།

 

གླུ་བ་སྒྲོལ་མ་སྐྱབས།

 

གླུ་བ་ཤེར་བསྟན།

 

གླུ་མ་གཡང་ཕྱུག་འཚོ།

 

གླུ་མ་ཚེ་དབང་ལྷ་མོ།

 

གླུ་བ་བདེ་སྐྱིད་ཚེ་རིང་།

 

གླུ་མ་བསྟན་པ་དབང་མོ།

 

གླུ་མ་རྣམ་རྒྱལ་ཆོས་འཚོ།

     ཉེ་སྔོན།  བོད་ཀྱི་གླུ་བ་གདུགས་དཀར་ཡག་གི་བོད་ཁུལ་གྱི་བསྐོར་བསྐྱོད་གླུ་ཚོགས་ཐོག་མ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་སྤེལ་ཞིང་། ཀན་སུའུ་བསང་ཆུའི་གངས་ཆབ་རོལ་མོའི་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་པེ་ཅིང་གཟུགས་ཀྱི་ཉི་མའི་བོད་ཀྱི་རིག་གནས་དར་སྤེལ་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། བསང་ཆུ་དུང་ཆུང་བོད་ཀྱི་རིག་གནས་ཐོན་ལས་གླིང་གིས་རོགས་སྒྲུབ་བྱས། མཚོ་སྔོན་ཙོས་ཧྥུ་ནས་ཆང་དང་བསང་ཆུ་ཨ་མྱེས་དཀར་ལྷ་གསོལ་མགྲོན་ཁང་། བསང་ཆུ་ཅིན་ཀྲུའུ་སྐྱེ་ཁམས་ཡུལ་སྐོར་ཚོང་གཉེར་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཐེངས་འདིའི་གླུ་ལེན་སྤྲོ་ཚོགས་ལ་རོགས་རམ་གནང་།

     ཐེངས་འདིའི་བསྐོར་བསྐྱོད་གླུ་ཚོགས་ཐོག་མ་རུ་གླུ་བ་ཤེར་བསྟན་དང་། སྒྲོལ་མ་སྐྱབས། ཚེ་དབང་ལྷ་མོ། གཡང་ཕྱུག་འཚོ། བདེ་སྐྱིད་ཚེ་རིང་། རྣམ་རྒྱལ་ཆོས་འཚོ། བསྟན་པ་དབང་མོ། དགའ་ལྡན་སོགས་བོད་ཁུལ་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་སྐོར་ཞིག་གདན་འདྲེན་ཞུས་ཡོད་པ་དང་། ཁོ་ཚོ་རེ་རེའི་གར་སྟེགས་ཀྱི་འཁྲབ་སྟོན་ལ་གཟིགས་མོ་བ་ཀུན་གྱིས་དགའ་བསུ་ཆེན་མོ་གནང་སྟེ་ཡུལ་དངོས་སུ་སྤྲོ་དགས་རབ་ཏུ་མྱོས།

     ཐེངས་འདིའི་གླུ་ཚོགས་སུ་གདུགས་དཀར་ཡག་གིས་བསྡོམས་པས་གླུ་གཞས11ཕུལ་ཡོད་ལ། དེའི་ཁྲོད་དེང་རབས་རོལ་མོ་དང་སྒྲ་སྙན། འཛམ་གླིང་རོལ་མོ་བཅས་རྣམ་པ་གསུམ་གྱི་སྒོ་ནས་འཁྲབ་པ་རེད། གདུགས་དཀར་ཡག་གིས་གཟིགས་མོ་བ་རྣམས་ལ་བཞག་པའི་བག་ཆགས་ནི་ཁོ་བོ་དེང་རབས་གླུ་བ་ཞིག་ཡིན་པ་དང་། ཐེངས་འདིའི་གླུ་ཚོགས་སུ་ཁོས་རང་ཉིད་ལོ6དང་ལོ7ནས་བཟུང་སྦྱངས་པའི་སྒྲ་སྙན་གླུ་གཞས་ཕུལ་ཏེ་གཟིགས་མོ་བ་རྣམས་སྔར་དང་མི་མཚུངས་པའི་བག་ཆགས་ཟབ་མོ་བཞག

     མ་ཟད། གླུ་ཚོགས་སུ་བསང་ཆུའི་དཔལ་ལྡན་རྒྱ་མཚོའི་དྭ་ཕྲུག་སློབ་གྲྭའི་སློབ་མ་རྣམས་དང་གདུགས་དཀར་ཡག   བན་དེ་སྒོམ་བཅས་ཀྱིས་ལྷན་དུདྭ་ཕྲུག་གི་སེམས་འདུནཞེས་པ་ཕུལ་བ་དང་མཚུངས་སུ་གདུགས་དཀར་ཡག་གིས་ཡུལ་དངོས་སུ་ཚང་མས་དྭ་ཕྲུག་གི་འཚོ་བའི་རྣམ་པར་ལྟ་རྟོག་བྱེད་པར་སྐུལ་བ་དང་། གླུ་ཚོགས་གྲོལ་བའི་ཉིན་རྗེས་མར་གདུགས་དཀར་ཡག་གིས་བྱེ་དང་འབྲས། ཤ་སོགས་ཉོས་ཏེ་དྭ་ཕྲུག་སློབ་གྲྭར་བྱིས་པ་རྣམས་ལ་ལྟ་རུ་སོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1