སྤྱི་ཟླ་9པའི་ཚེས་1ཉིན། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོ་ཞུ་ཆེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆེད་མཁས་པ་དང་མཁས་དབང་དག་སེ་ནེ་གལ་གྱི་རྒྱལ་ས་ཏ་ཁར་ནས་བགྲོ་གླེང་ཚོགས་འདུ་འཚོགས།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཧྥེ་གླིང་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་ཀྱིས་སྤེལ་བ་དང། སེ་ནེ་གལ་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཤར་ཧོང་། སེ་ནེ་གལ་སྲིད་གཞུང་གི་འཐུས་མི། ཏ་ཁར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆེད་མཁས་པ་དང་མཁས་དབང་དག་ཚོགས་འདུར་ཞུགས།
ཤར་ཧོང་གིས་གཙོ་དོན་གཏམ་བཤད་གནང་བའི་ནང་དོན་གཙོ་བོ་ནི། 2015ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་ལོ་ཡིན་ཞིང་། ཀྲུང་གོ་དང་འཛམ་གླིང་གི་ཞི་བདེ་ལ་དགའ་བའི་མི་དམངས་རྣམས་ཀྱིས་མཉམ་དུ་གཟབ་རྒྱས་ངང་དྲན་གསོ་ཞུ་བའི་མཛད་སྒོ་སྤེལ་བ་དང་། ཞི་བདེའི་འབྲས་བུ་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོབ་བྱེད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་དགོས།
སེ་ནེ་གལ་གྱི་ཆེད་མཁས་པ་དང་མཁས་དབང་དག་གིས་ཚོགས་འདུའི་སྟེང་གཏམ་བཤད་གནང་བ་དང་། ཕྱོགས་མི་གཅིག་པའི་སྒོ་ནས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྐབས་སུ་ཧྥེ་གླིང་རྒྱལ་ཁབ་དག་གིས་ནུས་པ་འདོན་ཚུལ་དག་ལ་དབྱེ་ཞིབ་བྱས་ཤིང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འོད་སྟོང་འབར་བའི་བརྒྱུད་རིམ་དང་དོན་སྙིང་གལ་ཆེན་ལྡན་པ་ལ་ཕྱིར་དྲན་བྱས།།