རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱེད་པའི་མཛེས་སྡུག་ལྡན་པའི་རྔ་བ། པེ་ཅིང་དུ་མཉམ་འཛོམས་བྱེད་པ་ཞེས་པའི་མུ་འབྲེལ་གྲུབ་འབྲས་འགྲེམས་སྟོན་དེ་སྤྱི་ཟླ་9པའི་ཚེས་4ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་རྒྱུ་རེད།འདི་ནི་གསར་འགོད་པས་སྤྱི་ཟླ་9པའི་ཚེས་1ཉིན་རྔ་བ་ཁུལ་གྲུབ་འབྲས་འགྲེམས་སྟོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་ནས་རྒྱུས་ལོན་བྱུང་བ་རེད།
ཐེངས་འདིའི་མུ་འབྲེལ་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་དེ་སྤྱི་ཟླ་9པའི་ཚེས་10ཉིན་བར་དུ་རྒྱུན་མཐུད་བྱ་རྒྱུ་རེད། པར་རིས་དང་བརྙན་རིས། དངོས་རྫས། ཚད་ལྡན་ཡིག་ཆ་རྩ་ཆེན་མང་པོ་འགྲེམས་སྟོན་བྱས་པར་བརྒྱུད། ཕྱོགས་ཡོངས་ནས་རྔ་བ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ལས་དོན། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དུ་སྟོན་ཅིང་། བོད་ཆའང་ཡུལ་སྲོལ་གོམས་འདྲིས་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས། གཞན་ཡང་བོད་ཀྱི་བསླས་འཐག་དང་ཆའང་རིགས་ཀྱི་འཚེམ་དྲུབ། བོད་སྨན། བོད་སྤོས། བོད་ཇའི་བཟོ་སྐྲུན་སོགས་མངོན་མེད་རིག་གནས་ཤུལ་བཞག་གི་རིགས་འགྲེམས་སྟོན་བྱ་རྒྱུ་རེད།།