སྤྱི་ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོ་ཚོགས་ཆེན་དེ་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་ནས་གཟབ་རྒྱས་ངང་འཚོགས། ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཚོགས་ཞུགས་སུ་ཕེབས་པའི་ཕྱི་རྒྱལ་ཀྱི་འགོ་ཁྲིད་པ་དང་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་དང་དྲན་རྟེན་འདྲ་པར་བླངས།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།
ཞི་ཅིན་ཕིང་གིས་བསྟན་དོན།དམག་འཁྲུག་ནི་མེ་ལོང་ལྟ་བུ་སྟེ། ང་ཚོར་ཞི་བདེའི་རིན་ཐང་ལ་ཤེས་རྟོགས་ལེགས་པོ་བྱེད་དུ་འཇུག་ཐུབ། དུས་རབས་གསར་པ་འདིར། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་འདིའི་བརྗོད་གཞི་རུ་གྱུར་ཡོད་ཀྱང་འཁྲུག་ཟིང་གི་མདུང་རྩེ་སྔར་བཞིན་མི་རིགས་ཀྱི་མགོ་རུ་བཏེགས་འདུག དེ་བཞིན་ང་ཚོས་ལོ་རྒྱུས་མེ་ལོང་དུ་འཛིན་ནས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
ལི་ཁེ་ཆང་གིས་དྲན་གསོ་ཚོགས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱེད་བཞིན་པ།
ཐེངས་འདིའི་དམག་གཟིགས་མཛད་སྒོར་བསྡོམས་པས་རུ་སྟར་གྲུ་བཞི་50ཡོད་དེ། དེའི་ཁྲོད་དུ་འཇར་འགོག་བློ་མཐུན་རྒན་པས་གྲུབ་པའི་འཁོར་སྡོད་རུ་སྟར་གྲུ་བཞི་གཉིས་དང་ །རྐང་ཐང་རུ་སྟར་གྲུ་བཞི་11གོ་མཚོན་རུ་སྟར་གྲུ་བཞི་27 བར་སྣང་སྐས་རིམ་རུ་ཁག་10སོགས་དམག་གཟིགས་མཛད་སྒོར་ཞུགས་ཡོད། གཞན་ཨུ་རུ་སི་དང་ཧ་སག་སི་ཐན་སོགས་རྒྱལ་ཁབ་17གྱི་རུ་སྟར་གྲུ་བཞི་དང་འཐུས་ཚབ་རུ་ཁག་ཀྱང་མཛད་སྒོར་ཞུགས།
དམག་གཟིགས་བྱེད་བཞིན་པའི་ཡུལ་དངོས།