ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ལྷོ་མའི་ཙུང་ཐུང་ཙོའོ་མ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06



 

  སྤྱི་ཟླ་8པའི་ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོའོ་མཱ་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཙུང་ཐུང་ཙོའོ་མཱ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དྲན་གསོ་རྗེས་དྲན་བྱེད་སྒོར་ཞུགས་པ་ལས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་ཙུང་ཐུང་སྐུ་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་དྲང་བདེན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་འབྲེལ་ལ་མཐོང་ཆེན་བྱས་པ་མཚོན་ལ། ད་ལོ་ནས་བཟུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷོ་མའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ལ་སླེབས་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ལོ་5ནས་10ཡི་བར་གྱི་མཉམ་འབྲེལ་འཐབ་ཇུས་སྒྲིག་བཀོད།ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། 2015ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བརྗེ་རེས་བྱེད་སྒོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ལ་སྐུལ་འདེད་ཐེབས་ཤིང་། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བར་སྐུལ་འདེད་དུ་གཏང་བར་འབད་པ་བྱ་ངེས་ཡིན་ཞེས་བསྟན།

  ཙོའོ་མཱས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དྲན་གསོ་རྗེས་དྲན་བྱེད་སྒོར་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཀྲུང་གོའི་དྲན་གསོ་བྱེད་སྒོ་ལས་ཀྲུང་གོའི་འཛམ་གླིང་ཞི་བདེ་དང་གཏན་འཇགས་ཀྱི་འགན་སྲུང་ཆོད་སེམས་གསལ་པོར་མངོན་ཡོད་ལ། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱས་ཏེ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འཐབ་ཇུས་སྒྲིག་བཀོད་ལ་གྲུབ་འབྲས་བཟང་པོ་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1