སི་ཁྲོན་གྱིས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་ཉེན་ཁ་མཉམ་ཁུར་གྱི་ཐེབས་རྩ་འཛུགས་རྒྱུ་སྔོན་ལ་འཚོལ་ཞིབ་བྱས།
དབུལ་པོའི་རྫོང་ཁག་88ཡིས་ལག་ལེན་ལྟར་འགོ་ཚུགས་ཤིང་། ཞིང་ཆེན་ནོར་སྲིད་ཀྱིས་རྫོང་གི་མི་རེར་ཆ་སྙོམས་ཁ་གསབ་སྒོ་ཁྲི་200རེ་སྦྱིན།
ཁུར་བསྡུར་ཚད་དེ་རྫོང་ཁག་དང་དངུལ་རྩའི་ལས་ཁུངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གྲོལ་མོལ་ཞིབ་ཕྲ་བྱ་ངེས།
མ་དངུལ་གཏོང་བ་ནི་ལས་སྒོ་གསར་འབྱེད་ཀྱི་སྐུལ་ཤུགས་གལ་ཆེན་ཞིག་ཡིན་ལ། གལ་སྲིད་ཐད་ཀར་ཀ་གསབ་སྤྲད་ཚེ་ལས་གཏོད་པ་ལ་ཕན་པ་ཆེན་པོ་མེད། ལྷོ་ནུབ་ནོར་སྲིད་སློབ་ཆེན་ནོར་ཁྲལ་སློབ་གླིང་གི་འགན་འཛིན་གཞོན་པ་ལི་ཅན་ཅིན་གྱིས་བཤད་རྒྱུར། སི་ཁྲོན་གྱིས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་ཉེན་ཁ་མཉམ་ཁུར་གྱི་ཐེབས་རྩའི་ཐད་ལ་དངུལ་རྩའི་ལས་ཁུངས་ཀྱིས་དོགས་འཆར་ཆེན་པོ་བྱེད་དགོས་དོན་མི་འདུག དམིགས་ཡུལ་གཙོ་བོ་ནི་ཕ་ཡུལ་དུ་ལོག་ནས་ལས་སྒོ་གསར་གཏོད་བྱེད་པ་གཙོ་བོར་བཟུང་སྟེ། སྤྱི་དམངས་ཀྱི་ལས་གཏོད་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོར་མངོན་པ་དེ་རེད།
དེའི་སྔོན་དུ། རང་རེའི་ཞིང་ཆེན་གྱི་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཐད་བཏོན་ཟིན་པའི་རྒྱབ་སྐྱོར་བྱེད་པའི་སྲིད་ཇིས་རིམ་པར་དམིགས་ནས། ཉེན་ཁ་མཉམ་ཁུར་གྱི་ཐེབས་རྩའི་ལམ་ལུགས་འཆར་འགོད་ཀྱིས་རྒྱབ་སྐྱོར་མ་ལག་སྔར་ལས་འཐུས་ཚང་དུ་གཏང་བ་དང་། ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་མཁན་གྱི་དུས་རིམ་སོ་སོར་རྒྱབ་སྐྱོར་བྱ་དགོས།།