ལི་ཁེ་ཆང་གིས་ཨུ་རུ་སིའི་ཙུང་ལི་མེའུ་ཏེ་ཅེ་ཧྥུ་ལ་ཁ་པར་གྱི་ལམ་ནས་གླེང་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-15


  སྤྱི་ཟླ་9པའི་ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་པར་གྱི་ལམ་ནས་ཨུ་རུ་སིའི་ཙུང་ལི་མེའུ་ཏེ་ཅེ་ཧྥུ་དང་གླེང་མོལ་གནང་།

  ལི་ཁེ་ཆང་གིས་ཉེ་ལམ་ཀྲུང་གོ་དང་ཨུ་རུ་སིའི་མཐོ་རིམ་བར་གྱི་འཚམས་འདྲི་དང་མཇལ་འཛོམས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོས་ཨུ་རུ་སི་བར་གྱི་འབྲེལ་བ་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཏེ་ཐེངས་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་དུས་བཅད་མཇལ་འཛོམས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཙུང་ལིའི་གྲོས་ཚོགས་དེ་གོ་སྐབས་བཟང་བོ་ཞིག་ཏུ་རྩིས་ཏེ་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་སྐུལ་འདེད་དུ་གཏང་བ་དང་མཉམ་དུ་འཕེལ་རྗེས་སུ་འགྲོ་བར་སྟོབས་ཤུགས་གསར་བ་འདོན་སྤྲོད་བྱ་རྒྱུ་ཡིན་ངེས་ཞེས་བསྟན།

  མེའུ་ཏེ་ཅེ་ཧྥུ་ཡིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བཟང་ལ། ངས་ད་ལོར་ཀྲུང་གོ་ནས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཙུང་ལིའི་དུས་བཅད་མཇལ་འཛོམས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཙུང་ལིའི་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ནས་དེའི་ཐད་ལ་གྲ་སྒྲིག་ཚགས་དམ་བྱས་ཏེ་མཇལ་འཛོམས་དང་གྲོས་ཚོགས་ལ་གྲུབ་འབྲས་བཟང་པོ་ཐོབ་པར་ཁག་ཐེག་བྱ་ངེས་ཡིན། རྒྱལ་ཁབ་གཉིས་ཀྱི་འབད་བརྩོན་འོག་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་བར་གྱི་མཉམ་ལས་ལ་ཕན་འབྲས་བཟང་པོ་ཐོབ་པར་ང་ལ་ཡིད་ཆེད་བརྟན་པོ་ཡོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1