ཝང་ཏུང་མིང་དང་ཝེ་ཧུང་། ཁོ་ཙུན་ཕིང་བཅས་ཀྱིས་མིང་གྲགས་ཆེ་བའི་སི་ཁྲོན་ཚོང་ལས་པའི་འཐུས་མི་དང་ཞིང་ཆེན་སོ་སོའི་སི་ཁྲོན་ཚོང་ཚོགས་ཀྱི་ཚོགས་གཙོ་རྣམས་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17



     རྒྱ་ཆེ་བའི་སི་ཁྲོན་ནས་ཡིན་པའི་ཁེ་ལས་པ་རྣམས་ཕྱིར་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པ་དང་ལས་རིགས་དར་རྒྱས་གཏང་བར་དགའ་བསུ་བྱེད། 
     སྤྱི་ཟླ་9བའི་ཚེས་16ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་བཅས་ཀྱིས་ཁྲེན་ཏུའུ་ནས་སི་ཁྲོན་ཚོང་པའི་གསར་གཏོད་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ནང་ཞུགས་པའི་མིང་གྲགས་ཆེ་བའི་སི་ཁྲོན་ཚོང་པའི་འཐུས་མི་དང་ཞིང་ཆེན་སོ་སོའི་སི་ཁྲོན་ཚོང་ཚོགས་ཀྱི་ཚོགས་གཙོ་རྣམས་ལ་མཇལ་འཕྲད་གནང་། 
   ཝང་ཏུང་མིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་སི་ཁྲོན་ནས་ཡིན་པའི་ཁེ་ལས་པ་དང་ཞིང་ཆེན་སོ་སོ་ནས་ཡོང་བའི་སི་ཁྲོན་ཚོང་ཚོགས་ཀྱི་ཚོགས་གཙོ་རྣམས་བཞུགས་མོལ་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། སི་ཁྲོན་ནས་ཡིན་པའི་རྒྱ་ཆེ་བའི་ཚོང་པ་དང་རྒྱལ་ཡོངས་ས་གནས་ཁག་གི་སི་ཁྲོན་ཚོང་ཚོགས་ཀྱིས་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས། ཝང་ཏུང་མིང་གིས་གསུང་རྒྱུར། སི་ཁྲོན་གྱི་ཚོང་ལས་དཔལ་ཡོན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱ་ཆེ་བའི་སི་ཁྲོན་གྱི་ཚོང་པས་ཁྲོན་ལམ་གྱི་དཀའ་ཚེགས་ལ་མི་འཛེམ་པར་ཧུར་བརྩོན་ཆེན་པོས་ཕྱི་རུ་སྐྱོད་དེ་ཚོང་ལས་ཀྱི་གོ་སྐབས་བཙལ་ཞིང་། ཁོང་ཚོའི་རྐང་རྗེས་ས་གནས་གང་སར་ཁྱབ་ཡོད། ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ་དང་། ཇ་རྟའི་གནའ་ལམ། ལེ་བར་སྟོང་གི་གདུང་འདེགས་འཕྲང་ལམ་སོགས་ཀྱི་གསར་འབྱེད་དང་དར་རྒྱས་ཁྲོད་དུ། ག་ས་གང་དུ་རྒྱ་ཆེ་བའི་སི་ཁྲོན་ཚོང་པས་མཛད་རྗེས་བཞག་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན། སི་ཁྲོན་གྱི་མིའམ་སི་ཁྲོན་གྱི་ཚོང་པ་རྣམས་ཚོགས་པ་དང་ཚོགས་པ་བྱས་ནས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་དཀའ་སྤྱད་ཀྱིས་བྱ་གཞག་གསར་གཏོད་ཀྱི་ལས་ལ་ཞུགས་ཤིང་། རྒྱུ་ནོར་གསར་སྐྲུན་བྱས་པ་དང་། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་པར་མ་ཟད། ས་གནས་ཁག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ལ་ཡང་བྱས་རྗེས་གལ་ཆེན་བཞག་ཡོད། ཉེ་བའི་ལོ་ཤས་རིང་ལ། ཕྱིར་སྡོད་ཁྲོན་ཚོང་གི་སྟོབས་ཤུགས་དང་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་སོང་། ཚང་མས་ཧུར་བརྩོན་ཆེན་པོས་ཕ་ཡུལ་དུ་ཕྱིར་ལོག་ནས་བྱ་གཞག་གསར་གཏོད་ལ་མ་དངུལ་འཇོག་པ་དང་། མ་རྩ་ཆེར་གཏོང་དང་ཐོན་སྐྱེད་རྒྱ་སྐྱེད་བྱས་ནས། འཕེལ་རྒྱས་ཀྱི་གནས་ཚུལ་རྣམ་པ་བཟང་པོ་མངོན་ཡོད།
    ཝང་ཏུང་མིང་གིས་གསུང་རྒྱུར། མིག་སྔར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་གྱི་བསྒྱུར་བཅོས་ཟབ་སྤེལ་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།གསར་གཏོད་དང་འཕེལ་རྒྱས་ལ་ལ་སྐུལ་འདེད་བྱེད་པར་ཚད་མཐོན་པོའི་མཐོང་ཆེན་བྱས་ནས། དེའི་ཐད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་པོ་བྱེད་བཞིན་ཡོད། ཐེན་ཧྥུའུ་གསར་ཁུལ་དེ་རྒྱལ་ཁབ་རིམ་པའི་ཁུལ་གསར་དུ་འཕར་བ་དང་། ཁྲེན་ཏུའུ་གནམ་གྲུ་ཐང་གསར་པ་འཛུགས་སྐྲུན་ཀྱི་རྣམ་གྲངས་ལ་ཆོག་མཆན་ཐོབ། མེན་དབྱང་ཚན་རྩལ་གྲོང་གིས་ཀྲུང་ཀོན་གྲོང་ཚོའི་སྔོན་ལ་ལག་བསྟར་དང་ཚོད་ལྟའི་སྲིད་ཇུས་ལོངས་སྤྱོད་བྱས་པ།ཁྲེན་ཏུའུ་ཀོ་ཤེན་ཁུལ་དེ་རྒྱལ་ཁབ་རང་མོས་གསར་གཏོད་དཔེ་སྟོན་ཁུལ་དུ་གྱུར་བ། ཕན་ཞི་རྒྱལ་ཁབ་རིམ་པའི་འཐབ་ཇུས་ཀྱི་ཐོན་ཁུངས་གསར་གཏོད་གསར་འབྱེད་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། ཏེ་དབྱང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་དཔེ་སྟོན་གྲོང་ཁྱེར་གྱི་གྲས་སུ་ཚུད་པ། ཉེ་ལམ་ཀྲུང་དབྱང་གིས་སླར་ཡང་སི་ཁྲོན་བདམས་ཏེ་མ་ལག་ཚང་བའི་སྒོས་ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཀྱི་ཚོད་ལྟ་ལ་སྐུལ་འདེད་གཏོང་བ་སོགས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གལ་ཆེན་འདི་དག་གིས་སི་ཁྲོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་བསྣན་ཡོད་ལ། རྒྱ་ཆེ་བའི་སི་ཁྲོན་གྱི་ཚོང་པ་རྣམས་ཕ་ཡུལ་དུ་ཕྱིར་ལོག་ནས་བྱ་གཞག་གསར་གཏོད་བྱེད་པར་གོ་སྐབས་དང་བར་སྟོང་ཆེན་པོ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་རྒྱ་ཆེ་བའི་སི་ཁྲོན་ནས་ཡིན་པའི་ཁེ་ལས་པ་ཕ་ཡུལ་དུ་ཕྱིར་ལོག་ནས་འཕེལ་རྒྱས་འཚོལ་བར་དགའ་བསུ་བྱེད་པ་དང་། རྒྱ་ཆེ་བའི་སི་ཁྲོན་གྱི་ཚོང་པ་དང་ཞིང་ཆེན་ཁག་གི་སི་ཁྲོན་ཚོང་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་སི་ཁྲོན་གྱི་འཕེལ་རྒྱས་རྣམ་པའི་རབ་གྲས་ཐོན་ལས་ཆེན་པོ་ལྔ་དང་གསར་དར་སྣེ་ཁྲིད་རྣམ་པའི་ཞབས་ཞུའི་ལས་རིགས་ཆེན་པོ་ལྔ་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཁྲོད་དུ་ཞུགས་ཤིང་། ཧུར་ཐག་སྒོས་སི་ཁྲོན་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་ཀྱི་མཉམ་ལས་ཁྲོད་དུ་ཞུགས་ནས། ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཁྲོད་འདུན་མ་ཆེན་པོ་ཡང་བསྐྱར་འདོན་པ་དང་། ལས་ཀ་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་གཏོང་བ། ང་ཚོས་འབྲེལ་མཐུད་མཐུན་སྦྱོར་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏང་བ་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་དང་། དྲང་གཞག་བདེ་འཇགས་ཀྱི་ཁྲིམས་སྐྱོང་ཁོར་ཡུག ཁོད་ཡངས་གཟིགས་སྐྱོང་གི་སྲིད་ཇུས་ཁོར་ཡུག སྤུས་ལེགས་ནུས་ཆེའི་སྲིད་དོན་ཁོར་ཡུག་སོགས་ཧུར་ཐག་གིས་བསྐྲུན་ནས། ཚང་མར་བློ་བདེ་པོའི་ངང་ཕ་ཡུལ་དུ་ཕྱིར་ལོག་ནས་བྱ་གཞག་གསར་གཏོད་ཀྱི་ལས་རིགས་དར་རྒྱས་གཏང་བར་རོགས་རམ་བྱ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་ལས་མངོན་འགྱུར་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1