དཔྱིད་ཀྱི་རང་མདངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19



སྔོ་བསང་ནམ་མཁའི་དབྱིངས་ནས། །མུན་སེལ་ཉི་མ་དྲོ་བྱུང་། །
ཨེ་མ་ས་གཞི་ཁྱོན་ལ། །དཔྱིད་ཀྱི་ཕོ་ཉ་སླེབས་བྱུང་། །

ཁུ་བྱུག་སྔོན་མོའི་གསུང་སྙན། །ཚང་ཚིང་ནགས་ཀླུང་བརྒྱུད་ལ། །
ཡངས་པའི་རྩྭ་ཐང་འགྲིམས་ནས། །གཞིས་མལ་འདི་རུ་སླེབས་བྱུང་། །

ཨ་མས་འཛུམ་ཆུང་གྲོལ་བཞིན། །ང་ལ་འོ་ཞིག་སྦྱིན་བྱུང་།
ཨ་ཕས་སྦྲ་སྒོ་ཕྱེ་ནས། །དཔྱིད་དཔལ་མགྲོན་དུ་བསུས་བྱུང་། །

ལུང་ཤུར་ཆུ་ཕྲན་ཆུང་ངུ་། །ཅ་ཅོའི་གཞས་ལ་སིམ་འདུག།
སྤང་ཐང་འབའ་འབའ་ལུག་ཆུང་། །སྟངས་སྟབས་གར་ལ་མྱོས་འདུག།

སྐྱ་ཀ་དགའ་བས་ཅག་ཅག། །སྦྲང་མ་དགྱེས་པས་དིར་དིར། །
བུ་ཆུང་འཛུམ་པས་གླུ་ལེན། །དཔྱིད་དུས་སྤྲོ་བས་བལྟམས་འདུག།

རླུང་བུ་དལ་གྱིས་ལྡང་བྱུང་། །ས་གཞིའི་ཁ་དོག་འགྱུར་སོང་། །
ཡུན་རིང་རེ་བས་སྒུག་པའི། །དཔྱིད་ཀྱི་དུས་ཚིགས་ཤར་བྱུང་། །  


རྩོམ་ཡིག་རྗེས་མ།
དབྱར་རྩྭ་དགུན་འབུ་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1