སྤྱི་ཟླ་9པའི་ཚེས་19ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་དར་མདོ་གྲོང་ཁྱེར་གྱི་རྒྱབ་རི་མི་ཉག་ལྟག་སྒོའི་སྡོད་དམངས་ཁུལ་ལ་གློ་བུར་དུ་འདམ་རྡོའི་ཆུ་རུད་བྱུང་ནས་བགྲོད་ལམ་ཆད་པ་དང་། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འདམ་རྡོའི་ཆུ་རུད་ཀྱི་གཞི་རྒྱ་ཆེ་ཞིང་རླངས་འཁོར་མང་པོ་ཞིག་འདམ་རྡོའི་འོག་ཏུ་མནན་ནས་གནོད་སྐྱོན་ཆེན་པོ་ཕོག མིག་སྔར་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་མྱུར་སྐྱོབ་ལས་ཁུངས་ཀྱིས་ནུས་ཤུགས་གང་ཡོད་སྒོས་བགྲོད་ལམ་གཙང་སེལ་བྱེད་བཞིན་པའི་སྒང་ཡིན་པ་དང་མི་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་མི་འདུག །