སྤྱི་ཟླ་9པའི་ཚེས་17ཉིན་བསྒྲགས་པའི་འཕྲིན་གསར་ལྟར་ན། ད་ལྟའི་བར་རྔ་བ་འཛམ་ཐང་གི་དགོན་པ་16གི་རྒྱང་བསྒྲགས་བརྙན་འཕྲིན་སྒྲིག་ཆས་ལྷུ་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་། ཟླ་འདིའི་ཟླ་མཇུག་ཏུ་འཛམ་ཐང་རྫོང་གི་རྫོང་ཡོངས་ཀྱི་དགོན་པའི་གྲྭ་ཤག་སོ་སོར་རྒྱང་བསྒགས་བརྙན་འཕྲིན་ཁྱབ་པའི་ལས་ཀ་མངོན་གྱུར་བྱུང་བ་རེད། འཛམ་ཐང་རྫོང་གིས་དགོན་པའི་གྲྭ་ཤག་རེར་རིན་མ་བླངས་པར་དབྱིན་ཁྲུ་19ཅན་གྱི་བརྙན་འཕྲིན་རེ་དང་བརྡ་རྟགས་དང་ལེན་སྒྲིག་ཆས་རེ་སྤྲད་པ་དང་། དེ་ལས་བརྙན་འཕྲིན་ལེ་ཚན་51ལ་ལྟ་ཐུབ་པ་དང་རྒྱང་བསྒགས་ལེ་ཚན་9ལ་ཉན་ཐུབ།།