སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་བོད་རྒྱ་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་ལ་བྱ་དགའ་སྤྲད་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-23


        སྤྱི་ཟླ་9པའི་ཚེས་21ཉིན། སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་ཀྲུང་གོའི་ནུབ་རྒྱུད་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའམ་བྱ་དགའ་ཐོབ་པའི་བརྩམས་ཆོས་བཤམ་སྟོན་གྱི་འགོ་ཚུགས་མཛད་སྒོ་དེ་གཟི་ཚ་སྡེ་དགུ་རྫོང་གི་གསར་ཁུལ་སྒྱུ་རྩལ་རིག་གནས་ཐང་ཆེན་དུ་སྤེལ།
     འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དང་གཅེས་སེམས་ལྡན་པའི་ཁེ་ལས་ཀྱིས་རྔ་བ་ཁུལ་སློབ་གསོ་ཅུས་ལ་བོད་རྒྱ་སྐད་གཉིས་ཀྱི་《སློབ་མའི་ལུགས་སྲོལ།》ཞལ་འདེབས་ཕུལ་པའི་བྱེད་སྒོ་སྤེལ་བ་དང་། རྫོང་དེའི་ལས་ཁུངས་ཁག་གི་ལས་བྱེད་པ་དང་སློབ་གྲྭའི་དགེ་སློབ། གཞོན་ནུ་དང་བླངས་པ་དག་གིས་གནའ་བོའི་གསུང་རབ་《སློབ་མའི་ལུགས་སྲོལ།》ལ་དམིགས་ཏེ་མཉམ་དུ་བསྒྲིགས་འཁྲབ་བྱས་པའི་མི་རིགས་གླུ་གར་དང་། དེ་བཞིན་《སློབ་མའི་ལུགས་སྲོལ།》མཉམ་འདོན་དང་སྤུ་སྨྱུག་ཡིག་གཟུགས་བཤམ་སྟོན་སོགས་རིག་རྩལ་བྱེད་སྒོ་སྤེལ།
       ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་ད་ལོའི་སྤྱི་ཟླ་4པར་སྤེལ་འགོ་ཚུགས་ཤིང་། སྲ་སྨྱུག་དང་སྤུ་སྨྱུག་གི་བརྩམས་ཆོས་4500ལྷག་བསྡུ་རུབ་བྱས། སྒྲིག་འཛུགས་ཨུ་ལྷན་གྱིས་བསྡོམས་པས་བརྩམས་ཆོས་288འདེམས་བཀོད་བྱས་ཤིང་། སོ་སོར་ནར་སོན་ཚོགས་ཆུང་དང་ལོ་ཆུང་བྱིས་པའི་སློབ་ཆུང་ཚོགས་ཆུང་། ལོ་ཆུང་བྱིས་པའི་སློབ་འབྲིང་ཚོགས་ཆུང་གི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་པ་དང་། དེའི་ནང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མཁན་26དང་། དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་མཁན་60  ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་མཁན་142ཡོད། ད་ཐེངས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་བཤམ་སྟོན་དུས་ཡུན་ཉིན་10ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1