འདི་ནི་སྤྱི་ཟླ་9པའི་ཚེས་21ཉིན། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཏུའུ་ཅང་ཡན་རྟེན་གཞི་རུ་པར་བླངས་པའི་དོམ་ཁྲ་ཕན་ཕན་རེད།
སྤྱི་ཟླ་9པའི་ཚེས་21ཉིན། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ལས་བྱེད་མི་སྣས་སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་གྲོང་ཁྱེར་དུ་ད་ཡོད་ཀྱི་འཛམ་གླིང་ཐོག་ལོ་ན་ཆེས་མཐོ་བའི་ཕོ་རིགས་དོམ་ཁྲ་ཕན་ཕན་གྱི་སྐྱེས་སྐར་རོལ་བའི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དོམ་ཁྲ་ཕན་ཕན་ནི་ཕོ་ཡིན་ཞིང་། སྤྱི་ལོ་1985ལོར་སི་ཁྲོན་པའོ་ཞིང་རྫོང་དུ་སྐྱེས། འདས་པའི་ལོ་ངོ་20ཡི་རིང་ལ། ཁོ་ལ་བུ་བཙའ་བའི་ནུས་པ་སྟོབས་ལྡན་ཡོད་པ་དང་། བུ་རབས་ཚ་རྒྱུད་ཧ་ཅང་མང་། བསྡོམས་རྩིས་ཆ་ཤས་བྱས་པ་ལྟར་ན། ཕན་ཕན་རིགས་རུས་ཀྱིས་འཛམ་གླིང་སྡོམ་གསོ་དོམ་ཁྲ་རིགས་རུས་ཀྱི་བཞི་ཆ་གཅིག་བཟུང་ཡོད། ད་ལྟ་རུས་དང་འབྲེལ་བ་ཡོད་པའི་ཚ་རྒྱུད་130ལྷག་ཡོད། དོམ་ཁྲ་ལོ་ན་30ལོན་པ་ལ་མིའི་རིགས་ཀྱི་ལོ་100དང་མཚུངས། ཕན་ཕན་ད་རུང་འཛམ་གླིང་ཐོག་ད་ཡོད་པའི་དོམ་ཁྲ་ཕོ་རིགས་ཁྲོད་དུ་ལོ་ན་ཆེས་མཐོ་བ་དེ་ཡིན།།