ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་སྦྲེལ་དྲའི་གླེང་སྟེགས་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


  

  སྤྱི་ཟླ་9པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞི་ཡཱ་ཐོའི་ཝེ་རོན་སྤྱི་གཉེར་ཁང་དུ་ཕེབས་ནས་ཀྲུང་གོ་དང་ཨ་རིའི་སྦྲེལ་དྲའི་གླེང་སྟེགས་ཚོགས་འདུར་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་མིར་མཇལ་འཕྲད་གནང་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་དེང་དུས་སྤྱི་ཚོགས་བརྡ་འཕྲིན་ཅན་དུ་འགྱུར་བའི་འགྲོས་ཤིན་ཏུ་མགྱོགས་ལ་མི་དམངས་མི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ནས་རྒྱལ་ཁབ་ཀྱི་གལ་ཆེ་བའི་རྨང་གཞིའི་བདེ་འཇགས་སྒྲིག་བཀོད་ཁྲོད་སྦྲེལ་དྲ་ནི་མེད་ཐབས་མེད་པ་ཞིག་རེད། བདེ་འཇགས་དང་སྒོ་འབྱེད། མཉམ་ལས། གཏན་འཇགས་བཅས་ཀྱི་དྲ་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་རྒྱལ་ཁབ་གཅིག་མ་ཟད་འཛམ་གླིང་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ཐད་ལའང་དོན་སྙིང་གལ་ཆེན་ལྡན། དེ་ཕྱིན་སྦྲེལ་དྲ་ཅི་ལྟར་ལེགས་བཅོས་དང་བཀོལ་སྤྱོད་བྱེད་པ་ནི་རྒྱལ་ཁབ་སོ་སོས་དོ་སྣང་དང་ཞིབ་འཇུག་བྱེད་བཞིན་པའི་ལས་དོན་གལ་ཆེན་ཞིག་ཡིན། ཀྲུང་གོས་བདེ་འཇགས་དང་སྒོ་འབྱེད། མཉམ་ལས། གཏན་འཇགས་བཅས་ཀྱི་དྲ་བའི་ཁོར་ཡུག་ཅིག་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་བཞིན་ཡོད་ལ། རྒྱལ་ཁབ་སོ་སོས་རང་རྒྱལ་གྱི་གནས་བབ་དང་མཐུན་པའི་སྦྲེལ་དྲའི་སྤྱི་མཐུན་སྒྲིག་ལུགས་ཤིག་གཏན་འབེབ་བྱེད་པར་རེ་བ་ཡོད། ཀྲུང་གོ་དང་ཨ་རི་གཉིས་ནི་དྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། ཕྱོགས་གཉིས་ཀར་ཐུན་མོང་གི་ཁེ་ཕན་དང་མཉམ་འབྲེལ་གྱི་བར་སྟོང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཡིད་རྟོན་བྱས་པའི་རྨང་གཞིའི་འོག་དྲ་བའི་འཛུགས་སྐྲུན་ཐད་ནས་བསམ་བློ་བརྗེ་རེས་བྱ་སྟེ་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་གྱི་གཞན་མཚུངས་མ་ཡིན་པའི་ཁྱད་ཆོས་དེ་མངོན་དུ་བཅུག་ནས་དྲ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འབད་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1