དཔལ་ཡུལ་སྐོར་བྲོ་དུས་ཆེན་འགོ་ཚུགས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-29


                             

            ཉེ་ཆར། ཀྲུང་གོའི་དཔལ་ཡུལ་སྐབས་དང་པོའི་ཁམས་པའི་གདོད་མའི་རྣམ་པའི་སྐོར་བྲོ་དུས་ཆེན་དེ་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་གཟབ་རྒྱས་ངང་འགོ་ཚུགས། དཀར་མཛེས་ཁུལ་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོས་སྐར་བརྒྱུད་ནས་ཐེངས་དང་པོར་དགོང་ཚོགས་འཁྲུག་པོ་ཆེས་ཆེ་བའི་གནས་ཚུལ་ཡུལ་དངོས་ནས་ཐད་སྒྲོག་བྱས།  རྒྱུས་ལོན་བྱུང་བ་ལྟར་ན། 《བཀྲ་ཤིས་སྐྱེ་ཁམས་ཀྱི་དཔལ་ཡུལ།》ཞེས་པ་དེ་དགོང་ཚོགས་ཀྱི་གཙོ་དོན་ཡིན་ལ། དཔལ་ཡུལ་ཕུན་སུམ་ཚོགས་པའི་རང་བྱུང་སྐྱེ་དངོས་དང་ནང་དོན་ཕུན་སུམ་ཚོགས་པའི་གདོད་མའི་རྣམ་པའི་སྐོར་བྲོ་དང་དམ་པོར་འབྲེལ་ཏེ། དཔལ་ཡུལ་གྱི་རྒྱུན་རིང་བའི་རིག་གནས་འགྲེམ་སྟོན་བྱས་པའི་རྨང་གཞིའི་ཐོག ལྟ་མཁན་རྣམས་ཀྱི་མཛེས་དཔྱོད་དགོས་མཁོ་ཚང་བར་བྱས་ཡོད། གདོད་མའི་རྣམ་པའི་གླུ་བྲོ་འཁྲབ་སྟོན་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་པའི་རོལ་དབྱངས་དང་གར་འཆམ། དཔལ་ཡུལ་མི་རིགས་གོས་རྒྱན་འགྲེམ་སྟོན། ཁམས་པ་བོད་ཁུལ་གྱི་སྐོར་བྲོ་ཕྱོགས་བསྡུས་འཁྲབ་སྟོན། གླུ་བ་གྲགས་ཅན་གྱིས་སྐད་ངག་སྙན་མོ་དབྱངས་སུ་གྱེར་བ་སོགས་ཁྱེད་ཀྱི་མིག་གི་དགའ་སྟོན་དུ་བསྟར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1