སྡེ་རོང་རྫོང་གིས་རོང་འབྲོག་ས་ཁུལ་གྱི་ན་གཞོན་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་འཆད་ཁྲིད་བཀོད་སྒྲིག་བྱས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-30


  སྤྱི་ཟླ་9པའི་ཚེས་24ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གུང་གཞོན་ཚོགས་པ་སྡེ་རོང་རྫོང་ཨུའི་རྩ་འཛུགས་ལས་བྱེད་པ་དང་ན་གཞོན་དང་བླངས་པ་རྣམས་དམངས་ཚོགས་སུ་ཟབ་ཞུགས་བྱས་ཏེ་རོང་འབྲོག་ས་ཁུལ་གྱི་ན་གཞོན་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེད་དོན་འཆད་ཁྲིད་སྤེལ། ཐེངས་འདིའི་འཆད་ཁྲིད་ལ་དཀར་མཛེས་ཁུལ་ཨུའི་མང་ཚོགས་བསྒྲགས་བཤད་ཚོགས་པའི་ཚོགས་མི། སྡེ་རོང་རྗོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚེ་རིང་དོན་འགྲུབ་ལགས་གདན་འདྲེན་ཞུས་ནས་རོང་འབྲོག་རྣམས་ལ་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་འཆད་ཁྲིད་གནང་།

  ཐེངས་འདིའི་འཆད་ཁྲིད་འདི་སྡེ་རོང་རྫོང་གིས་སྤེལ་བའི་ཉི་མ་ལུང་པའི་འཆད་ཁྲིད་ཅེས་པའི་བྱེད་སྒོ་དང་ལྷན་དུ་སྤེལ་ཞིང་འཆད་ཁྲིད་ཀྱི་རྣམ་པ་དང་བརྗོད་དོན། སློབ་གསོའི་རིན་ཐང་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོད་བརྒལ་ཆེན་པོ་བྱུང་ཡོད།  དངོས་ཡོད་ལ་གཞོལ་ཞིང་ཡིད་འགུག་ནུས་པ་ལྡན་པའི་དཔེ་གཞི་དྲངས་ཏེ་ན་གཞོན་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཐད་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་དང་དང་ལེན་བྱེད་པའི་དགོས་གལ་རང་བཞིན་ལ་འགྲེལ་བཤད་བྱས། དེ་མིན་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ངོས་འཛིན་བཞི། ཁ་བྲལ་མི་རུང་བ་གསུམ་སོགས་གཙོ་བྱས་པའི་ཤེས་བྱའི་ཐད་ནས་འཆད་ཁྲིད་སྤེལ། ཐེངས་འདིའི་འཆད་ཁྲིད་བརྒྱུད་ན་གཞོན་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཟང་པོ་ཞིག་ཐོབ་པ་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་གཏིང་ཇེ་ཟབ་ཏུ་གཏང་པར་ཕན་ནུས་ཆེན་པོ་ཐོབ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1