དཀར་མཛེས་དང་རྔ་བ། ལིང་ཧྲན་དུ་རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་མཁན་གྱི་མཐོ་རླབས་འཕྱུར།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-08
སྤྱི་ཟླ་10བའི་ཚེས་3ཉིན་ས་ཁུལ་གསུམ་གྱི་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་བ་ལྟར་ན། ད་ལོའི་བཅུ་གཅིག་གུང་གསེང་ནང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་། རྔ་བ་དང་ལིང་ཧྲན་ས་ཁུལ་གྱིས་རྒྱལ་ཡོངས་ས་གནས་ཁག་ནས་རང་གི་རླངས་འཁོར་བསྐོར་ནས་ཡུལ་བསྐོར་ལ་ཡོང་བའི་ཡུལ་སྐོར་བར་བསུ་མ་བྱས། གུང་གསེང་སྔོན་གྱི་ཉིན་སུམ་གྱི་ནང་རྔ་བ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་102.35ལ་ཟིན་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་67751.4ལ་ཟིན། དཀར་མཛེས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་35.04ལ་ཟིན་ལ། དེ་དང་བསྡུར་ན་61%འཕར། སྒོ་བྱང་འཛིན་ཡིག་གི་ཡོང་འབབ་སྒོར་ཁྲི་657.04ལོན་པ་དང་དེ་དང་བསྡུར་ན་19.9%འཕར།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1