ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། 2018ལོའི་སྔོན་དུ། ཀྲུང་གོས་རྒྱལ་ཁབ་སྲིད་གཞུང་གི་གཞི་གྲངས་གཅིག་གྱུར་སྒོ་འབྱེད་དྲ་རྒྱ་བཙུགས་ཏེ། སྲིད་གཞུང་དང་སྤྱི་བའི་ལས་ཁུངས་ཀྱི་གཞི་གྲངས་ཐོན་ཁུངས་གཅིག་གྱུར་ཕྱོགས་བསྡུས་དང་གཅིག་སྡུད་ཀྱིས་སྤྱི་ཚོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་རྒྱུ་རེད་ཟེར།
ཁོས་བཤད་དོན། ཀྲུང་གོས་སྲིད་གཞུང་གི་གཞི་གྲངས་སྒོ་འབྱེད་འཆར་གཞི་འགོད་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཀྱི་འགན་ཁུར་ལམ་ལུགས་འཛུགས་པ། ལས་ཁུངས་ཀྱི་གཞི་གྲངས་སྒོ་འབྱེད་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ནས། ལས་ཁུངས་སོ་སོའི་གཞི་གྲངས་སྒོ་འབྱེད་པའི་དུས་ཚོད་དང་འཆར་གཞི་གཏན་འཁེལ་བྱེད་རྒྱུ་ཡིན་ལ། ཐོག་མར་དམངས་འཚོའི་འགན་སྲུང་ཞབས་ཞུ་ཐད་ཀྱི་ཡིད་རྟོན་དང་འགྲིམ་འགྲུལ། སྨན་བཅོས། འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་། ས་གཤིས། རིག་གནས། སློབ་གསོ། ཚན་རྩལ། ཁོར་ཡུག དངུལ་ལོར། སྡོམ་རྩིས། གནམ་གཤིས་བརྟག་དཔྱད་སོགས་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་གཞི་གྲངས་སྤྱི་ཚོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།