གཟའ་སྐར་མིག་དམར་གྱི་སྟེང་དུ་གཤེར་གཟུགས་ཆུ་ཡོད་པའི་བདེན་དཔང་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


       ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་28ཉིན་གྱི་ཉིན་གུང་། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་(NASA)ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་སྐབས་ཀྱི་གཟའ་སྐར་མིག་དམར་གྱི་སྟེང་དུ་གཤེར་གཟུགས་ཆུ་ཡོད་པའི་བདེན་དཔང་རྙེད་ཡོད། NASAཡི་འབྲེལ་ཡོད་མི་སྣས་བཤད་དོན། གཟའ་སྐར་མིག་དམར་བཤེར་འཇལ་འཁོར་ལམ་འཕུར་སྐྱོད་གྲུ་གཅལ་ལས་ད་ལྟའི་བར་དུ་ཆེས་ཕུགས་ཅན་གྱི་བདེན་དཔང་རྙེད་ཡོད། རྙེད་རྟོག་འདི་ཉིན་དེའི་རང་བྱུང་ཞེས་པའི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་ཁྲོད་བཀོད། སྙན་ཞུ་ལས། གཟའ་སྐར་མིག་དམར་གྱི་ཕྱི་ངོས་སུ་རྙེད་པའི་ཤུར་དེ་སྟུག་ཚད་མཐོ་བའི་ཚྭ་ཆུ་བཞུར་བའི་རྗེས་ཤུར་ཡིན་ཤས་ཆེ། རྙེད་རྟོག་གསར་པ་འདི་ལས་ཤེས་ཐུབ་པ་ནི་གཟའ་སྐར་མིག་དམར་གྱི་ཕྱི་ངོས་སུ་ཕལ་ཆེར་གཤེར་གཟུགས་ཆུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། དེ་ཡང་གཤེར་གཟུགས་ཆུ་ནི་ཚེ་སྲོག་འཚོ་གནས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། 

       NASAཡི་འབྲེལ་ཡོད་མི་སྣས་བཤད་དོན། ཞིབ་འཇུག་པས་བཤེར་འཇལ་འཁོར་ལམ་འཕུར་སྐྱོད་གྲུ་གཅལ་གྱི་འོད་ཤལ་བརྙན་གྲུབ་ཆས་བརྒྱུད། གོ་ལ་དམར་པོ་དེའི་ལྐོག་གྱུར་ཤད་རིས་སྟེང་དུ་ཆུ་འདྲེས་གཏེར་རྒྱུ་ཡོད་པ་འཚོལ་དཔྱད་བྱས་ཡོད། ཤད་རིས་དེ་དག་དུས་ཚོད་ཀྱི་འགྱུར་བ་དང་བསྟུན། དྲོད་འཇམ་ལྡན་པའི་དཔྱིད་མཇུག་ཏུ་གྲུབ་པ་དང་། དབྱར་དུས་སུ་ཁ་དོག་ཇེ་ཟབ་ཏུ་འགྱུར་བཞིན། རིའི་གསེག་ངོས་སུ་བཞུར། སྟོན་དུས་ཡང་མེད་དུ་གྱུར།  གཟའ་སྐར་གྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་23ལས་བརྒལ་བའི་སྐབས། ཤད་རིས་དེ་དག་ས་གནས་མང་པོ་རུ་གསལ་འདུག གཟའ་སྐར་གྱི་དྲོད་ཚད་དམའ་རུ་ཕྱིན་དུས། མདོག་ནག་ཤེད་རིས་དེ་དག་ཞེང་ལ་སྨི་5དང་དཀྱུས་ལ་སྨི་བརྒྱ་ལོན་འདུག འཚོལ་དཔྱད་འདི་ཆེས་ཐོག་མར་2010ལོར་རྙེད་པ་ཡིན། 

འོན་ཀྱང་ཚན་རིག་པ་ལ་ལས། གཟའ་སྐར་མིག་དམར་གྱི་ལོ་རྒྱུས་སྟེང་སྔོན་ཆད་ཆུ་ཡོད་མྱངས་ཡོད་ཅིང་། གཟའ་སྐར་སྟེང་གི་འཐེན་ཤུགས་ཆུང་ཞིང་། མཁའ་དབུགས་སྲབ་པས། ཆུ་གཟུགས་དེ་དག་རླངས་པར་གྱུར་ནས་བར་སྣང་དུ་འཐིམས་པ་ལས། སའི་གོ་ལ་ལྟར་ས་ངོས་སུ་བཞུར་མི་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1