འཆད་ཁྲིད་ཀྱི་ཡུལ་དངོས།
སྤྱི་ཟླ་10པའི་ཚེས་10ཉིན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གིས་ནུ་སྐྲན་གྱི་ནད་ཕོག་ཚད་ཇེ་མཐོར་འགྲོ་བ་དང་སྨན་བཅོས་བྱེད་དཀའ་བའི་གནས་ཚུལ་ལ་དམིགས་ནས་ཁྲེན་ཏུའུ་ནུ་མའི་གཤེར་རྨེན་སྨན་ཁང་དང་ཧྲང་ཧའེ། ཀན་སུའུ། ཧུའུ་པེའི་བཅས་ནས་རྒྱལ་ནང་ན་མིང་དུ་གྲགས་པའི་ནུ་མའི་གཤེར་རྨེན་གྱི་ཆེད་རམས་སྨན་པ་དང་ཨོལ་གོང་གཤེར་རྨེན་གྱི་ཆེད་རམས་པ་གདན་ཞུ་བྱས་ཏེ་བུད་མེད་ཀྱི་བདེ་ཐང་ལ་དོ་སྣང་དང་མཛེས་སྡུག་མཉམ་སྤྱོད་ཅེས་པའི་བྱེད་སྒོ་སྤེལ།
སྨན་པ་དག་གིས་ཁ་གསལ་གོ་བདེའི་སྒོ་ནས་བུད་མེད་ཀྱི་ལུས་ཁམས་བདེ་སྲུང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་སྐོར་གྱི་ཆེད་དོན་འཆད་ཁྲིད་གནང་། འཆད་ཁྲིད་མཇུག་རྫོགས་རྗེས་རྫོང་བུད་མེད་དང་ཕྲུ་གུའི་བདེ་སྦྱོར་ཁང་ནས་དུས་ཡུན་ཉིན་གཉིས་ཀྱི་རིང་ནད་གཞི་བརྟག་དཔྱད་བྱས། རྫོང་ཡོངས་ཀྱི་བུད་མེད་245ལ་ནུ་མའི་གཤེར་རྨེན་གྱི་ནད་དང་ཨོལ་གོང་གཤེར་རྨེན་ནད་ཀྱི་བརྟག་དཔྱད་གནང་། བརྟག་དཔྱད་ཀྱི་གོ་རིམ་ཁྲོད་ཨོལ་གོང་གཤེར་རྨེན་གྱི་ནད་ཡོད་མཁན་82དང་མུ་མཐུད་དུ་ཨོལ་གོང་གཤེར་རྨེན་གྱི་ནད་ལ་བརྟག་དཔྱད་བྱེད་དགོས་པ་བུད་མེད་50 ནུ་རྨེན་འཕེར་སྐྱེ་དང་འདྲེན་སྦུག་རྒྱ་སྐྱེད། ཤ་སྐྲན་གྱི་ནད་ཡོད་མཁན་བུད་མེད་162ལ་བརྟག་དཔྱད་བྱས། དེ་མིན་ནུ་སྐྲན་གྱི་ནད་ཡོད་མཁན་གྱི་བུད་མེད་3ལ་བརྟག་དཔྱད་བྱས་ཤིང་། མུ་མཐུད་དུ་རིམ་པ་གོང་མའི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས་པའི་བསམ་འཆར་བཏོན།
ཐེངས་འདིའི་ནད་གཞི་བརྟག་དཔྱད་དང་བདེ་ཐང་གི་ཆེད་དོན་འཆད་ཁྲིད་ཀྱི་བྱེད་སྒོ་བརྒྱུད་བུད་མེད་རྣམས་ལ་བདེ་ཐང་ཐད་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་པར་མ་ཟད། བདེ་ཐང་གི་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་ཞིག་ཆགས་ཡོད་དོ། །
སྨན་པ་དག་གིས་ནུ་སྐྲན་ཕོག་པའི་ཁྱིམ་མིར་འཚམས་འདྲི་བྱེད་བཞིན་པ།