ས་གནས་དེ་གས་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར་12.2བཏང་ནས་2016ལོའི་ནང་ཚུན་དུ་བསྐྱར་སྐྲུན་ལས་ཀ་ཡོངས་རྫོགས་ལེགས་གྲུབ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་མཁར་རྫོང་གནའ་གྲོང་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཁྲོད། ལོ་རྒྱུས་ལ་བརྩི་འཇོག་དང་། མི་རིགས་རིག་གནས་ལ་བརྩི་འཇོག དམངས་སྲོལ་གོམས་འདྲིས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། སྔ་མ་ཇི་བཞིན་ཉམས་གསོ་དང་སྔོན་མ་ཇི་བཞིན་སྐྲུན་རྒྱུ་ཡིན། ད་ལྟ་གནའ་གྲོང་བསྐྱར་སྐྲུན་ཁུལ་གྱི་གློག་ཤུགས་དང་འཕྲིན་གཏོང་། མེ་འགོག་མེ་གསོད། ཆུ་འདོན་ཆུ་འབུད་སོགས་ཀྱི་རྨང་གཞིའི་དྲ་བ་སྒྲིག་བཀོད་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད།
ད་ལོའི་རྒྱལ་སྟོན་གུང་གསེང་རིང་དུ་གནའ་གྲོང་དུ་ཚོང་ལས་ཁྲོམ་ལམ་གཉིས་སྒོ་འབྱེད་བྱས་ཤིང་། ཡུལ་སྐོར་བའི་གནའ་གྲོང་གི་ལྟ་སྐོར་གྱི་དགོས་མཁོ་སྐོང་ཐུབ་ཡོད། ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པའི་ཟླ་འོད་གྲོང་ཞེས་པའི་རྡོ་མཁར་རྫོང་གནའ་གྲོང་ལ་སྤྱི་ལོ་2014ལོའི་ཟླ་1པའི་ཚེས་11ཉིན་མེ་སྐྱོན་ཕོག་པ་རེད།