མགོ་ལོག་རྨ་སྟོད་རྫོང་ལ་ཚད་རིམ་5.2ཅན་གྱི་ས་འགུལ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


  ཀྲུང་གོའི་རྒྱལ་ཁབ་ས་འགུལ་དྲ་བས་རྟོག་ཞིབ་བྱས་པ་ལྟར་ན། སྤྱི་ཟླ་10པའི་ཚེས་12ཉིན་གྱི་ཆུ་ཚོད་18དང་སྐར་མ་04སྟེང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་(བྱང་འཕྲེད་ཚད་ཏུའུ་34.4དང་། ཤར་གཞུང་ཚད་ཏུའུ་98.2ཡིན།)ལ་ཚད་རིམ་5.2ཅན་གྱི་ས་འགུལ་བྱུང་།  འགུལ་ཁུངས་ཀྱི་ཟབ་ཚད་ལ་ཧ་ལམ་སྤྱི་ལེ་9ཡོད་པ་རེད།

  རྨ་སྟོད་རྫོང་ས་འགུལ་ཅུས་ཀྱི་ཅུས་ཀྲང་ཝོ་ཞིན་རོའུ་ཡིས་འཚམས་སྦྱོར་བྱས་པ་ལྟར་ན། རྨ་སྟོད་རྫོང་གིས་ཀྲུང་གོ་ས་འགུལ་ལྟེ་གནས་དྲ་བའི་འཕྲིན་གསར་འབྱོར་ཞིང་། འགུལ་ཁུངས་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཤོག་ཡིན་པ་དང་ཁུངས་ཉེ་ས་འགུལ་དུ་གཏོགས་པ་ཤེས་རྟོགས་བྱུང་རྗེས་རྨ་སྟོད་རྫོང་ས་འགུལ་ཅུས་ཀྱིས་མགྱོགས་མྱུར་ངང་ས་འགུལ་བྱུང་བའི་ཡུལ་དངོས་སུ་ཕྱིན་ཏེ་རྟོག་ཞིབ་བྱས། རྒྱུས་ལོན་བྱས་པ་ལྟར་ན་ས་འགུལ་བྱུང་ས་ནི་རྨ་ཆུ་ཡུལ་ཤོག་གི་མི་མེད་ལུང་སྟོང་ཤིག་ཡིན་པ་དང་། རྨ་སྟོད་རྫོང་དུ་འགུལ་ཚོར་ཡོད་པ་ལས་ཡུལ་ཤོག་གཞན་དུ་འགུལ་ཚོར་མེད་པ་རེད།  མིག་སྔར་མི་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་མི་འདུག་ལ་ས་འགུལ་རྗེས་ཀྱི་ལས་ཀ་སྤེལ་བཞིན་པའི་སྒང་རེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1