དབྱིན་ཇིའི་ན་ཡོད་པའི་ཀྲུང་གོའི་རིག་གནས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14



    དབྱིན་ཇིའི་རྒྱལ་ས་ལུན་ཏུན་ནི་དབྱིན་ཀེ་ལན་ཤར་ལྷོའི་ཕྱོགས་སུ་གནས་ཡོད། དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ་འཛམ་གླིང་རང་བཞིན་གྱི་དངུལ་རྩའི་ཉོ་ཚོང་ལྟེ་གནས་དང་རིག་གནས་ལྡན་པའི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན། 2006 ལོར། ལོན་ཏོན་དང་པེ་ཅིང་གཉིས་ཀྱིས་མཛའ་འབྲེལ་གྲོང་ཁྱེར་གྱི་འབྲེལ་བ་བཙུགས།  དབྱིན་ཇི་ན་ཀྲུང་གོའི་རིག་གནས་དང་འབྲེལ་བའི་མཚོན་རྟགས་མང་པོ་ཞིག་ཡོད་དེ།  ཀྲུང་གོའི་གྲོང་དང་ཁུང་ཙིའི་སློབ་གླིང་། ཉིའུ་ཅིན་སློབ་ཆེན་གྱི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས། རྒྱ་ཡིག་འགྲན་བསྡུར་གྱི་རྒྱ་སྐད་འབྲེལ་ཟམ། དབྱིན་ཇིའི་རྟེན་རྫས་བཤམ་སྟོན་ཁང་གིས་སྤེལ་བའི་མིང་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན། དབྱིན་ཇིའི་སློབ་ཆུང་སློབ་མས་སྤྱོད་བཞིན་པའི་སྒྱུར་རྩིས་རེའུ་མིག་སོགས་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་མཛའ་མཐུན་མཚོན་པའི་བདེ་དཔང་ཡིན་པ་རེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1