ཧོ་ལན་ནས་MH17རྟགས་ཅན་གྱི་གནམ་གྲུ་སར་ལྷུང་པའི་མཐར་གྱི་བརྟག་དཔྱད་སྙན་ཞུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


   ས་གནས་དེ་གའི་དུས་ཚོད་སྤྱི་ལོ་2015ལོའི་ཟླ་10པའི་ཚེས13ཉིན། ཧོ་ལན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཧའེ་ཡ་ནས་མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་MH17རྟགས་ཅན་གྱི་མཁའ་ཐོག་གོད་ཆག་གི་མཐར་གྱི་བརྟག་དཔྱད་སྙན་ཞུའི་ནང་ཁྱབ་བསྒྲགས་བྱས་དོན། མ་ལེ་ཞི་ཡའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་MH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ནི་འཕུར་མདེལ་ཞིག་གིས་བརྒྱབ་ནས་གནམ་ནས་ལྷུང་བ་རེད་ཟེར། སྙན་ཞུ་དེ་ནི་ཧོ་ལན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་TjibbeJoustraཡིས་ཁྱབ་བསྒྲགས་བྱས་པ་ཡིན།
   ད་ཐེངས་ཀྱི་སྙན་ཞུ་ཁྱབ་བསྒྲགས་མ་བྱེད་སྔོན། བརྟག་དཔྱད་ནང་ཞུགས་མྱངས་པའི་ཡུག་རེན་གྱི་བདེ་འཇགས་ཅུས་ཀྱི་སྔོན་མའི་དབུ་བཞུགས་བརྟག་དཔྱད་བྱེད་པ་བོ་ཧྥུའུ་ཁུ་(Vasyl Vovk ) ཡིས་བཤད་པ་ལྟར་ན། གནམ་གྲུའི་ཆག་རོ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཕུང་པོ་ཁྲོད་ཤེས་རྟོགས་བྱུང་བའི་ཧྲུག་ལྷེབ་དག་ནི་བརྟག་དཔྱད་མི་སྣས་ཞིབ་བསྡུར་བྱེད་པར་འཕུར་མདེལ་གཉིས་བཤིག་རྗེས་ཀྱི་ལྷུ་ལག་དང་བསྡུར་ན་མཐུན་པས། འགྲུལ་སྐྱེལ་གནམ་གྲུ་དེར་འཕུར་མདེལ་གྱི་འཇབ་རྒོལ་ཕོག་ནས་ལྷུང་པ་གསལ་སྟོན་བྱས།
   སྤྱི་ལོ་2014ལོའི་ཟླ་7པའི་ཚེས་17ཉིན། MH17ཧོ་ལན་གྱི་ཨ་མུའུ་སི་ཐེ་ཏན་ནས་མ་ལེ་ཞི་ཡའི་ཅི་ལེན་ཕོར་འཕུར་བའི་ལམ་བར་དུ། ཡུག་རེན་ཤར་རྒྱུད་དུ་འཇབ་རྒོལ་ཕོག་ནས་སར་ལྷུང་བ་རེད། ལས་དོན་མི་སྣ་15ཚུད་པའི་གནམ་གྲུའི་ནང་དུ་ལྷན་མི་298ཚང་མ་རྐྱེན་ལམ་དུ་ཤོར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1