སྐབས་དྲུག་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


 

  སྤྱི་ཟླ་10པའི་ཚེས14ཉིན། སྐབས་དྲུག་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་བོད་སྨན་ཟབ་སྦྱོང་པེ་ཅིང་བོད་སྨན་ཁང་ནས་དངོས་སུ་སློབ་འགོ་ཚུགས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིག་ཡོན་ཧྭ་དང་པེ་ཅིང་བོད་སྨན་ཁང་གི་འགན་འཛིན་པ་ཧང་ཧྥོ་ཁའེ་སོགས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས། 

  མཚོ་སྔོན་དང་ཀན་སུའུ་སོགས་ཞིང་ཆེན་བདུན་ནས་ཕེབས་པའི་སློབ་མ་108ཀྱིས་དུས་ཡུན་ཉིན་བདུན་གྱི་རིང་ཟབ་སྦྱོང་བྱ་རྒྱུ་རེད།   ཐེངས་འདིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སྟེང་བོད་ལྗོངས་བོད་སྨན་ཁང་གི་འགན་འཛིན་པ། དགེ་རྒན་ཆེན་མོ་མིག་དམར་ལགས་ཀྱིས་་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སྐོར་ནས་འཆད་ཁྲིད་གནང་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ནང་ཞུགས་མ་ཐུབ་པའི་སློབ་གཉེར་བ་ལ་དྲ་བའི་ལམ་ནས་ཟབ་སྦྱོང་ནང་དོན་མཁོ་སྤྲོད་བྱ་རྒྱུ་རེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1