དོམ་དཀར་གྱིས་པར་ཆས་ཁ་ཟས་སུ་ནོར་ནས་སོ་རྣོན་པོ་ཕྱིར་མངོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


    དབྱིན་ཇིའི་《ཉིན་རེའི་སྦྲག་ཏར་ཚགས་པར》ཐོག་ཟླ་10པའི་ཚེས་12 ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཤིས་ཡཱ་ཐུའུ་ཡི་པར་ལེན་མཁས་ཅན་པའོ་ལུའོ་སའེ་ཏེ་སིས་(Paul Souders) ཁ་ན་ཏའི་བྱང་སྣེ་རུ་དོམ་དཀར་གྱི་པར་རིས་རབ་དང་རིམ་པ་པར་ལེན་ཐུབ་པ་བྱུང་། འདྲ་པར་ནང་། དོམ་དཀར་གྱིས་པར་ཆས་ཁ་ཟས་སུ་ནོར་བས། ཁ་གདང་ནས་སོ་འདེབས་པའི་གྲ་སྒྲིག་བྱས། དེས་རྣོ་ངར་ཆེ་བའི་སོ་ཕྱིར་མངོན་པའི་སྐད་ཅིག་དེ་པར་ཆས་ ཀྱིས་གོ་སྐབས་བཟུང་ནས་པར་ལེན་བྱུང་ཡོད་པ་རེད། 
 
     སའེ་ཏེ་སིས་རི་སྐྱེས་སྲོག་ཆགས་ལ་ཧ་ཅང་སྤྲོ་བ་ཡོད། དོམ་དཀར་པར་ལེན་ཆེད། ཁོང་གིས་ཤིས་ཡཱ་ཐུའུ་ནས་འགོ་བརྩམས་ཏེ། རླངས་འཁོར་བཏང་ནས་དབྱིན་ལེ་1800(ཧ་ལམ་སྤྱི་ལེ་2897)ལ་སོང་ནས་ཁ་ན་ཏའི་མ་ནེ་ཐོ་པ་ཉི་ཨར་ཤིན་གཙང་པོར་འབྱོར། དེ་ནས་ཤེལ་གྱི་ཚི་སྣའི་གྲུ་གཟིངས་ལ་བསྡད་དེ་དབྱིན་ལེ་75(ཧ་ལམ་སྤྱི་ལེ་120)ལ་སོང་ནས་ཧ་ཏི་ཤིན་མཚོ་ཁུག་ལ་ཐོན་རྗེས། ཡང་བསྐྱར་དེ་ཁྱེར་ཏེ་བྱང་ཕྱོགས་སུ་དབྱིན་ལེ་600(ཧ་ལམ་སྤྱི་ལེ་965)ལ་སོང་ནས་བྱང་སྣེའི་ཁོངས་གཏོགས་སུ་ཐོན། བདེ་འཇགས་སྒོས་པར་ལེན་བྱེད་ཆེད། སའེ་ཏེ་སིས་གྲུ་ཁང་གཙོ་བོ་དེའི་སྒོ་བརྒྱབ་པ་དང་། ཆུའི་ནང་དུ་སིམ་འཛུལ་བྱས་ནས་མགྱོགས་གྲུ་དང་བརྙན་ཆས་གཉིས་ཆུ་ངོས་སུ་གཡེང་ཡོད། ཁོང་གིས་སྨི་གཉིས་ཙམ་གྱི་དབྱུག་པར་བརྟེན་ནས་པར་ཆས་ལ་ཁ་ལོ་བསྒྱུར་བ་མ་ཟད། ཤེལ་སྒོར་གྱི་ཁང་པའི་ནང་ནས་པར་ལེན་གྱི་གནས་ཚུལ་ལ་ལྟ་དཔྱད་ཚད་ལེན་བྱས།།
      རི་མོའི་ངོས་སུ། དོམ་དཀར་དར་ངོས་སུ་ལངས་ཤིང་། མཚོ་འགྲམ་ན་གཡེང་བའི་མགྱོགས་གྲུ་དང་པར་ཆས་ལ་ཡ་མཚན་སྐྱེས། མདུན་ལ་བཅར་ནས་སྣས་སྣོམ་ཙམ་བྱས་པ་རེད། དེས་པར་ཆས་ཁ་ཟས་སུ་ནོར་ནས་ཆུའི་ནང་དུ་བསྐྱལ་ཏེ་ཁ་ཆེན་པོ་བསྐྱེད་པ་དང་། རྣོ་ངར་ལྡན་པའི་སོ་ཕྲེང་བསྟར་གཉིས་ཕྱིར་མངོན་ནས་པར་ཆས་ཟ་འདོད་པ་རེད།
པར་ཆས་ཕྱེད་ཀ་དེའི་ཁ་ནང་དུ་བཅུག་ལ་ཉེ་བས། སའེ་ཏེ་སིར་འཇིགས་སྐྲག་ཧ་ཅང་ཆེན་པོ་སྐྱེས་བྱུང་། འོན་ཀྱང་ཡུན་རིང་མ་སོང་བར་དོམ་དཀར་གྱིས་པར་ཆས་བཟའ་བྱ་མ་ཡིན་པ་ཤེས་སོང་བས། ཁ་ཕྱིར་འཁོར་ནས་དེ་བས་ཞིམ་མངར་ལྡན་པའི་བཟའ་བཅའ་འཚོལ་བར་སོང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1