སྤྱི་ཟླ་10པའི་ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་ཁོང་གི་སྐུ་ཟླ་གཉིས་ཀྱིས་ཨི་ཐ་ལིའི་རྒྱལ་ས་རོ་མ་རུ་སྐྱབས་འཆོལ་མི་སེར་ལ་འཚམས་འདྲི་ཞུས་པར་མ་ཟད་སྐྱབས་འཆོལ་བྱིས་པ་དང་ཞལ་བརྡ་གནང་། ཕན་ཅི་ཝུན་གྱིས་སྐྱབས་འཆོལ་བྱིས་པ་དག་ལ་ཁྱོད་ཚོ་ཡིད་ཆད་མི་རུང་། ང་ཆུང་དུས་ཀྱང་དམག་འཁྲུག་དང་བྲོས་བྱོལ་གྱི་འཚོ་བ་རོལ་མྱངས་ཞེས་གསུངས།།