1.ཁྲག་ཤེད་མཐོ་བའི་ནད་ཀྱི་ངོས་འཛིན།
ཀྲུང་གོའི་ཁྲག་ཤེད་མཐོ་བར་འགོག་བཅོས་བྱེད་པའི་ཕྱོགས་སྟོན(2005ལོའི་བཟོ་བཅོས་པར་གཞི།)ལྟར་ན་ཁྲག་ཤེད་ཀྱི་ཚད་གཞི་ནི། རྒྱུན་ལྡན་གྱི་མི་དར་མའི་སྙིང་ཁ་ཟུམ་པའི་ཁྲག་ཤེད་(མཐོ་བའི་ཚད)120mmHgལས་ཆུང་དགོས་པ་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད (དམའ་བའི་ཚད)
80mmHgལས་ཆུང་དགོས། ཁྲག་ཤེད་མཐོ་འགྱུར་འགོག་པའི་སྨན་རྫས་མ་སྤྱོད་པའི་གནས་ཚུལ་འོག་སྙིང་ཁ་ཟུམ་པའི་ཁྲག་ཤེད140mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་པ་དང་། (ཡང་ན)སྙིང་ཁ་འབྱེད་པའི་ཁྲག་ཤེད90mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་ཚེ་ཁྲག་ཤེད་མཐོ་བའི་ནད་གཞི་རུ་གཏན་འཁེལ་བྱ་ཆོག འོན་ཀྱང་ཐེངས་གཅིག་ལ་ཁྲག་ཤེད་མཐོ་བར་ད་དུང་ཁྲག་ཤེད་མཐོ་བའི་ནད་གཞི་ཡིན་པ་གཏན་འཁེལ་བྱེད་མི་ཐུབ་ལ། ངེས་པར་དུ་ཉིན་འགའ་ཞིག་གི་ནང་ཁྲག་ཤེད་ལ་ཐེངས་གསུམ་ཚད་ལེན་བྱས་རྗེས་རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་ཚེ་ད་གཟོད་གཏན་འཁེལ་བྱ་ཆོག
2.ཁྲག་ཤེད་མཐོ་བའི་གནོད་པ།
ཁྲག་ཤེད་མཐོ་བའི་ནད་ཀྱིས་གཙོ་བོ་སྙིང་ཁམས་དང་། ཀླད་པའི་ཁྲག་རྩ། མཁལ་མ། དེ་མིན་མིག་རྩ་བཅས་ལ་གནོད་པ་ཐེབས་སྲིད་པར་མ་ཟད། མཐོང་བྱེད་དྲ་སྐྱིའི་ནུས་པ་ཇེ་ཞན་དུ་འགྱུར་ངེས། ཚབས་ཆེ་ན་དབང་པོར་སྐྱོན་ཅན་དུ་འགྱུར་བ་དང་ཚེ་སྲོག་ཤོར་ངེས།
3.ཁྲག་ཤེད་མཐོ་བའི་ནད་རྟགས།
ཁྲག་ཤེད་མཐོ་བའི་ནད་ནི་ནད་རྟགས་ཅི་ཡང་མེད་པའམ་ཡང་ན་ནད་པས་ཤེས་ཚོར་མི་ཐུབ་པའི་ནད་རྟགས་ཏེ་ཚོར་མེད་ཀྱི་ཚེ་སྲོག་གི་གཤེད་མ་ཞིག་ཡིན། རྒྱུན་འབྱུང་གི་ནད་རྟགས་ནི་མགོ་ན་བ་དང་། མགོ་ཡོམ་འཁོར་བ། སུན་སྣང་སྐྱེས་པ་དང་སེམས་འཚུབ་སླ་བ། བློ་རྩེ་གཅིག་ཏུ་གཏོད་མི་ཐུབ་པ་སོགས་ཡིན། །