གསེར་རྟ་རྫོང་གི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་བཏང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-20


    ཉེ་ཆར། སྨྱུག་འཛིན་པས་གསེར་རྟ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ད་ལྟའི་བར་དུ། རྫོང་དེའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་བཏང་བ་དང་། གྲོང་སྡེ་ཀུན་བགྲོད་སྤྱི་ལེ་203གྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་ཡོད། ཐོན་སྐྱེད་རིན་ཐང་སྒོར་ཁྲི་10150ཟིན་ཡོད། ཐག་ཟམ་6གྱི་སྒྱུར་བཀོད་འཛུགས་སྐྲུན་ལ་ལས་གཞི་ཡོངས་ཀྱི་65%ལེགས་གྲུབ་བྱུང་ཟིན་ལ། མ་འཇོག་སྒོར་ཁྲི་1000ལེགས་གྲུབ་ཟིན། སྟག་རྩེ། གོ་ལ་ཐང་ཡུལ་ཤོག ཁམས་ལེབ་ཡུལ་ཤོག་སོགས་གྲོང་རྡལ་3གྱི་འགྲུལ་སྐྱེལ་ས་ཚིགས་གྱི་གཙོ་གཟུགས་ལས་གཞི་ལེགས་གྲུབ་ཟིན་པ་དང་། སྤྱིའི་མ་འཇོག་སྒོར་ཁྲི་200ལེགས་གྲུབ་བྱུང་ཞིང་། ལས་གཞི་ཡོངས་ཀྱི་90%ཟིན་ཡོད། སྤྱི་ལེ་15ཡི་ཡུལ་ཤོག་རིམ་པའི་གཞུང་ལམ་བདེ་སྲུང་ལས་གཞི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1