ཁེ་ན་ཏའི་འཇིག་རྟེན་འཕུར་སྐྱོད་པས་བར་སྣང་ས་ཚིགས་ནས་སའི་གོ་ལའི་མཛེས་ལྗོངས་པར་དུ་བླངས་པར་བརྗིད་ཉམས་ཆེ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20


 

         གནམ་གཤིས་དྭངས་གསལ་གྱི་དུས་སུ། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པས་ནམ་རྒྱུན་དུ་ཁུ་པའི་ཧ་ཝ་ན་ནས་ཝ་ཧྲིང་ཐོན་བར་གྱི་ཡུལ་ལྗོངས་མཐོང་ཐུབ། 

        ཧུ་ཧྥེན་ཏུན་སྦྲགས་ཏར་ཚགས་པར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། ཁ་ན་ཏའི་འཇིག་རྟེན་འཕུར་སྐྱོད་པ་ཁུ་རེ་སུ་ཧཱ་ཏའེ་ཧྥེར་ཏའེ་ཡིས་《ཁྱོད་ཀྱིས་འདི་ནས་སའི་གོ་ལར་སྐོར་བ་དུས་ཚོད་སྐར་མ་92བྱས་ན།》ཞེས་པའི་དཔེ་ཆ་གསར་པ་ཞིག་པར་སྐྲུན་བྱས་ཡོད་དེ། དཔེ་ཆ་དེའི་ནང་དུ་ཁུ་རེ་སུ་རང་གིས་བར་སྣང་ནས་བླངས་པའི་སའི་གོ་ལའི་འདྲ་པར་150བསྡུ་ལེན་བྱས་ཡོད། 2012ལོའི་ཟླ་12པའི་ཚེས་21ཉིན་ཐེངས་གསུམ་པར་བར་སྣང་དུ་ཕྱིན་པ་ནས་བཟུང་། ཁོས་Twitterཡི་ནང་དུ་རྒྱལ་སྤྱིིའི་བར་སྣང་ས་ཚིགས་ནས་བླངས་པའི་སའི་གོ་ལའི་འདྲ་པར་འགོད་བཞིན་ཡོད་དེ། གོ་ལ་ཧྲིལ་པོའི་ཟུར་ཚད་ཐོག་ནས་ལྗོངས་ཡོངས་ཀྱིས་གོ་ལའི་མཛེས་སྡུག་མངོན་པས། དོ་སྣང་བྱེད་མཁན་མི་ཁྲི་30ལྷག་བྱུང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1