ཞི་ཅིན་ཕིང་ལོན་ཏོན་ལ་འབྱོར་ཏེ་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20


  སྤྱི་ཟླ་10པའི་ཚེས་19ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལོན་ཏོན་ལ་འབྱོར་ཏེ་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་བྱེད་འགོ་ཚུགས། 

  ས་གནས་དེ་གའི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ལོན་ཏོན་ཞི་སི་ལོ་ཡི་གནམ་གྲུ་འབབ་ཐང་དུ་བབས། དབྱིན་ཇིའི་རྒྱལ་སྲས་ཀྱི་འཐུས་ཚབ་པ་ཧོ་རི་ཙི་ཅེའོ་དང་ཕྱི་འབྲེལ་བློན་ཆེན་ཧྭ་མེན་རི་སོགས་ཀྱིས་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་ལ་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་ཤིང་། དབྱིན་ཇིའི་ན་གཞོན་གྱིས་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་ལ་མེ་ཏོག་ཕུལ།

  ཞི་ཅིན་ཕིང་གིས་དབྱིན་ཇིའི་སྲིད་གཞུང་དང་མི་དམངས་ལ་ལྷག་སེམས་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ཀྲུང་དབྱིན་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་རྫོང་སྟུག་པའི་རྒྱལ་ཁབ་གཉིས་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱིས་འཛམ་གླིང་ཞི་བདེ་ལ་འགན་སྲུང་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དུ་གཏང་རྒྱུའི་ཐད་ནས་ཐུན་མོང་གི་ཁེ་ཕན་དང་འོས་འགན་ཡོད་པ་རེད་ཅེས་བསྟན།

  ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་དབྱིན་གཉིས་ཀྱི་ཕྱོགས་ཡོངས་ཐབས་ཇུས་མཛའ་འབྲེལ་བཙུགས་ནས་ལོ་བཅུ་འགོར་ཞིང་། ཀྲུང་དབྱིན་གཉིས་ཀྱི་མཛའ་འབྲེལ་གཏིང་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་རེད། དབྱིན་ཇིའི་དབུ་ཁྲིད་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི། ས་ཁུལ་བཅས་ཀྱི་གནད་དོན་དག་ལ་བསམ་འཆར་བརྗེ་རེས་བྱེད་འདོད། དབྱིན་ཇིའི་ལས་རིགས་སོ་སོའི་མི་སྣར་འབྲེལ་འདྲིས་བྱས་ཏེ་མཉམ་དུ་ཀྲུང་དབྱིན་གཉིས་ཀྱི་འཕེལ་རྒྱས་ལ་འཆར་བཀོད་བཟོས་ཏེ་ཀྲུང་དབྱིན་གཉིས་ཀྱི་འཕེལ་རྒྱས་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན།

  ལོན་ཏོན་ནི་ཞི་ཅིན་ཕིང་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་ཕེབས་པའི་ས་ཚིགས་དང་པོ་ཡིན་ལ། རྗེས་སུ་ཞི་ཅིན་ཕིང་ད་དུང་མུ་མཐུད་དུ་མན་ཁྲི་སི་ཏི་ལ་མཚམས་འདྲི་གནང་བར་ཕེབས་རྒྱུ་རེད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1