ཛམ་ཐང་རྫོང་གིས་ད་ལོ་མི་26822ཡི་འཐུང་ཆུའི་དཀའ་གནད་བདེ་བླག་ངང་ཐག་གཅོད་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 10-22


    ཟླ་གསུམ་ལྷག་གི་སྔོན་ལ། དོ་ཁུར་ཆེན་པོ་ཐོབ་པའི་ཁང་ཤོག་གྲོང་ཚོའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ལས་འགོ་བརྩམས་པ་རེད། མིག་སྔར། དུད་ཚང་78ཚང་མར་སྦུག་ཆུ་ཁྱིམ་ནང་དུ་འདྲེན་ཡོད་པས། འཛམ་ཐང་རྫོང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
    ད་ལོར། འཛམ་ཐང་དུ་ཡུལ་ཤོག་གི་འཐུང་ཆུའི་བདེ་འཇགས་ཐག་གཅོད་ཀྱི་རྣམ་གྲངས་ལས་གཞི་ལག་བསྟར་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་3889.19བཏང་ནས་རྫོང་ཡོངས་ཀྱི་ཡུལ་ཤོག་11གིས་གནད་དོན་སེལ། མིག་སྔའི་བར་སྤྱིའི་ལས་གཞིའི་92%ལེགས་གྲུབ་བྱུང་ཟིན་ལ། མང་ཆེ་ཤོས་ཀྱིས་བེད་སྤྱོད་འགོ་ཚུགས་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་ཚང་མར་ཆུ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱ་ཐུབ་ངེས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1