མཐུན་སྒྲིལ་ཡར་ཐོན་དང་ལག་གདང་དམ་སྦྲེལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-28


    སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་སོགས་འབྲེལ་མཚམས་ཀྱི་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་(ཁུལ)གྱི་ས་ཁོངས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱག་ཆེད། སྤྱི་ཟླ་10ཚེས་23ཉིན་ནས་24བར། དཀར་མཛེས་ཁུལ་དང་རྔ་བ་ཁུལ། བདེ་ཆེན་ཁུལ། ཆབ་མདོ་གྲོང་ཁྱེར། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ་སོགས་ཀྱི་ཧྲི་ཀྲང་ངམ་ཁུལ་དཔོན་སོགས་དར་མདོ་རུ་མཉམ་འཛོམས་བྱས་ནས། ཐུན་མོང་ཐོག་གྲོང་ཁྱེར་དང་ཁུལ་6གི་མཉམ་ལས་གཉིས་ཕན་གྱི་ལམ་སྲོལ་གསར་པ་འཆར་འགོད་འཇོག་པ་དང་། ཐུན་མོང་ཐོག་ས་ཁོངས་གཏིང་ཟབ་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་གཏོད།
   ཚོགས་འདུའི་ཐོག་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་སོགས་འབྲེལ་མཚམས་ཀྱི་བོད་རིགས་ས་ཁུལ་གྱི་ཧྲི་ཀྲང་ངམ་ཁུལ་དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས་གཏན་འབེབས་དང་གྲོས་འཆམ་བྱུང་། རིག་གནས་སྒྱུ་རྩལ་བྱེད་སྒོ་ཆེ་གྲས་ཡག་པོ་གཉེར་ཞིང་། ལངས་གཟུགས་ཀྱི་འགྲིམ་འགྲུལ་བགྲོད་ལམ་ཆེན་པོ་སྐྲུན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཆེན་པོ་བསྐྲུན་པ། ས་ཁོངས་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཀྱི་ཡུལ་སྐོར་ཆེན་པོ་འཛུགས་སྐྲུན་བྱེད་པ། གློག་ཤུགས་འདྲེན་གཏོང་བགྲོད་ལམ་ཆེན་པོ་སྐྲུན་པ། རྒྱུ་རྐྱེན་གཙོ་བོའི་གཏོང་འཇོག་ཆེན་པོ་མཉམ་འདུས་གོང་འཕེལ་གཏོང་བ། བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་སྲིད་ཇུས་ཆེན་པོ་བརྩོན་ལེན་བྱེད་པ། མཐའ་མཚམས་བརྟན་ལྷིང་གི་འཆམ་མཐུན་ཆེན་པོ་སྐྲུན་པ་སོགས་ཁག་ཆེ་གྲས་8ལ་གཙོ་གནད་ཐོག་དམིགས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ལ་ལོ་ལྔ་ཚན་བཅུ་གསུམ་པའི་སྲིད་ཇུས་ཐོག་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་བསམ་འཆར་རགས་ཙམ་ཆགས།
   ཚོགས་འདུར་ཞུགས་མཁན་གྲོང་ཁྱེར་(ཁུལ)6གིས་ཐུན་མོང་ཐོག་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་སོགས་འབྲེལ་མཚམས་ཀྱི་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་(ཁུལ)སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དང་། རིག་གནས་སྤེལ་རེས་དང་འཕེལ་རྒྱས་མཉམ་ལས་ཀྱི་གྲོས་མཐུན། ཡུལ་སྐོར་འཕེལ་རྒྱས་མཉམ་ལས་ཀྱི་གྲོས་མཐུན། འགྲིམ་འགྲུལ་འཛུགས་སྐྲུན་མཉམ་ལས་གྲོས་མཐུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཉམ་ལས་གྲོས་མཐུན་སོགས་བཞག
   ཚོགས་འདུའི་ཐོག གྲོང་ཁྱེར་(ཁུལ)དྲུག་གི་ཧྲི་ཀྲང་ངམ་ཁུལ་དཔོན་གྱིས་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་གཏོད་པ་དང་། ཞི་མཐུན་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་ཞེས་པའི་གཏམ་བཤད་གནང་།
   དུས་མཚུངས་སུ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ་བློ་མཐུན་ལི་ཀྲི་ཆང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གསུང་བཤད་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1