སྐབས་བཞི་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་འདུ་ཅང་སུའུ་ཝོ་ཞི་ནས་འཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


  སྤྱི་ཟླ་10པའི་ཚེས་24ཉིན། སྐབས་བཞི་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་དེ་ཅང་སུའུ་ཝོ་ཞི་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་འཕྲིན་ཡིག་གི་ལམ་ནས་བགྲོ་གླེང་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་དགེ་བའི་བཤེས་གཉེན་ཆེན་མོ་དང་རིགས་སོ་སོའི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་སེམས་རྣམ་དག་གིས་འཚམས་འདྲི་ཞུས།

  ཡུས་ཀྲེན་ཧྲེང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ཤེས་རིག་གི་ཕན་ཚུན་བརྗེ་རེས་དང་ལེན་ནི་འཛམ་གླིང་ཞི་བདེ་ཡི་འགན་སྲུང་དང་། འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་དང་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་སྐུལ་ཤུགས་གལ་ཆེན་ཞིག ། ཤེས་རིག་ནི་ཕན་ཚུན་བརྗེ་རེས་བརྒྱུད་དེ་ཕུན་སུམ་ཇེ་ཚོགས་དང་ཕན་ཚུན་བརྩི་བཀུར་བརྒྱུད་དེ་ནང་དོན་ཕུན་སུམ་ཇེ་ཚོགས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ནང་བསྟན་གྱིས་ཤེས་རིག་མི་མཐུན་པའི་བར་གྱི་དང་ལེན་དང་བརྗེ་རེས་ལ་དཔེ་སྟོན་གྱི་ནུས་པ་གལ་ཆེན་བཏོན། འདིས་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་འཛུགས་པར་ནུས་པ་ཐོན་པ་རེད་ཅེས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སོན་ཁྲོན་ལན་བགྲོ་གླེང་ཚོགས་འདུའི་སྟེང་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཁོ་མོས་ཆོས་ལུགས་ཀྱི་ཚེ་སྲོག་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་དགོས་ལ། ཆོས་ལུགས་ཀྱི་ཤུགས་རྐྱེན་དེ་ཤེས་རིག་མི་འདྲ་བའི་བར་གྱི་བསམ་བློ་བརྗེ་རེས་ལ་བརྟེན་དགོས། ཀྲུང་གོའི་ནང་བསྟན་པའི་སྡེ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ནང་བསྟན་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཕུལ་དུ་བྱུང་བའི་རིན་ཐང་འདུ་ཤེས་དར་སྤེལ་རྒྱུན་འཛིན་བྱས་ཏེ་མིའི་རིགས་ཀྱི་ཞི་བདེའི་ལས་དོན་གྱི་འཕེལ་རྒྱས་ལ་བརྩོན་དགོས་ཞེས་བསྟན།

  ཐེངས་འདིའི་བགྲོ་གླེང་སྟེང་རྒྱལ་ཁབ་52ཀྱི་ནང་བསྟན་སྡེ་ཡི་མི་སྣ་དང་ཆེད་རམས་པ། དེ་མིན་གཞན་སྤྱི་ཚོགས་སྟེང་གི་མི་སྣ་མིང་གྲགས་ཅན་སོགས་བསྡོམས་པས་མི་སྟོང་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མཉམ་འབྲེལ་རྒྱུལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིན་ཝང་དང་ཁེ་ན་ཏའི་ཙུང་ལི་སི་ཏི་ཧྥིན་ཧྭ་པོའོ། བལ་བོའི་སྲིད་འཛིན་ལཱ་མོ་ཡཱ་ཏ་ཧྥོ། ཁམ་བྷོ་དི་ཡའི་རྒྱལ་བོ་ནོའུ་ཀོ་ཞི་ཧྭ་མོའོ་ནིའུ་སོགས་ཕྱི་རྒྱལ་གྱི་དབུ་ཁྲིད་རྣམས་དང་། དེ་མིན་འཇར་པན་དང་ཐེ་ལན་དི། ལྷོ་ཁོ་རེ་ཡ། སིང་གྷ་ལ་སོགས་རྒྱལ་ཁབ་ཀྱི་ནང་བསྟན་རྩ་འཛུགས་ཀྱི་འགོ་ཁྲིད་རྣམས་ཀྱི་རྟེན་འབྲེལ་འཕྲིན་ཡིག་འབྱོར། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1